ཟླ་བ་དགུ་པར་རང་རྒྱལ་རླངས་འཁོར་ཐོན་སྐྱེད་བྲིན་འཚོང་བྱེད་ཚད་མུ་མཐུད་འཕར་བ།
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་སྤྱི་ཚེས་༡༢ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཟླ་བ་དགུ་པར་རང་རྒྱལ་གྱིས་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ས་ཡ་གཉིས་དང་དྲུག་འབུམ་བདུན་ཁྲི་དགུ་བརྒྱ་ཟིན་པ་དང་། ཟླ་བ་གོང་མ་ལས་བརྒྱ་ཆ་༢༧་དང་གྲངས་ཆུང་༦༤འཕར་སྣོན་ཕྱིན་པ་དང་། དུས་མཚུངས་ལས་བརྒྱ་ཆ་༥་དང་གྲངས་ཆུང་༥༤་འཕར་སྣོན་ཕྱིན་ཡོད། རླངས་འཁོར་བྲིན་ཚོང་བྱེད་ཚད་ས་ཡ་གཉིས་དང་བདུན་འབུམ་དགུ་སྟོང་ཆིག་བརྒྱ་ཟིན་པ་དང་། ཟླ་བ་གོང་མ་ལས་བརྒྱ་ཆ་༢༣་དང་གྲངས་ཆུང་༩༣་འཕར་སྣོན་ཕྱིན་པ་དང་། དུས་མཚུངས་ལས་བརྒྱ་ཆ་༥་དང་གྲངས་ཆུང་༦༦་འཕར་སྣོན་ཕྱིན་ཡོད། ཟླ་བ་དགུ་པར། རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་བྱེད་ཚུལ་མུ་མཐུད་འཕར་སྣོན་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་མ་ཟད། འཕར་སྣོན་འགྲོ་ཚད་ཟླ་བ་བརྒྱད་པ་ལས་མངོན་གསལ་འདོད་པོས་མཐོ་བ་ཡོད་པ་རེད།

ཟླ་བ་དང་པོ་ནས་དགུ་པའི་བར། ཀྲུང་གོའི་ཚོང་རྟགས་ལྡན་པའི་རླངས་འཁོར་བྲིན་འཚོང་བྱེད་ཚད་མིང་བྲལ་གོང་མ་བཅུའི་ནང་ཚུད་པའི་ཁེ་ལས་ནི་ཧྲང་ཆེ་དང་། ཁྲང་ཨན། ཏུང་ཧྥེང་། ཅི་ལི། པེ་ཆེ། ཁྲང་ཁྲེན། ཡེ་ཆེ། ཆེ་རུད། ཅང་ཧེའོ། ཀོང་ཆེ་བཅས་ཡིན་པ་རེད། ཟླ་བ་དགུ་པ་བར་སླེབས་དུས། ཁེ་ལས་བཅུ་པོ་དེ་དག་གིས་ད་ལོ་ཁྱོན་རླངས་འཁོར་ས་ཡ་བརྒྱད་དང་ཉིས་འབུམ་ཉིས་ཁྲི་ཆིག་སྟོང་ལྔ་བརྒྱ་འཚོང་བ་དང་། འཚོང་ཚད་ཀྱིས་ཀྲུང་གོའི་ཚོང་རྟགས་རླངས་འཁོར་བྲིན་འཚོང་སྤྱི་འབོར་གྱི་བརྒྱ་ཆ་༨༠གྲས་ཆུང་༠༡ཟིན་གྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར།ཟླ་བ་གཡུ་སྒྲོན།