ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཕྱེད་གླིང་ཕྲན་གྱི་རྡུལ་ཉིང་གནད་དོན་དེར་ཕྱོགས་ཁག་ནས་ཀྲུང་གོ་དང་ཨུ་རུ་སུས་བཏོན་པའི་གྲོས་འགོར་བསམ་གཞིག་ནན་པོ་བྱེད་དགོས་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕྱེད་གླིང་ཕྲན་གྱི་རྡུལ་ཉིང་གནད་དོན་ཐད་ཕྱི་འབྲེལ་པུའི་མགྲིན་ཚབས་པ་ཧྭ་ཁྲུན་ཡིང་གིས་སྤྱི་ཚེས་༡༢ཉིན་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་སྐབས། ཕྱོགས་ཁག་ནས་ཀྲུང་གོ་དང་ཨུ་རུ་སུས་བཏོན་པའི་གྲོས་འགོར་བསམ་གཞིག་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད།

ཧྭ་ཁྲུན་ཡིང་གིས་ཐད་ཀའི་དོ་བདག་ཕྱོགས་ནི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ཡིན། ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་དང་རྒྱལ་སྤྱིའི་རྡུལ་ཉིང་ཁྱབ་འགྱེད་དུ་མི་འགྲོ་བར་སྲུང་སྐྱོབ་བྱེད་པའི་མ་ལག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཐོག་གི་རེ་འདུན་ཞིག་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕེན་དང་ཡང་མཐུན་ཡོད། ཕྱེད་གླིང་ཕྲན་གྱི་གནས་བབ་དེ་རེ་མོསས་སུ་ཇེ་སྡུག་ཏུ་འགྲོ་བའི་རྣམ་པ་ཐོན་མུས་ཡིན་པས། དེའི་འབྱུང་རྩ་ནི་ཐད་ཀའི་དོ་བདག་ཕྱོགས་ཏེ་བྱང་ཁོ་རེ་ཡ་དང་ཨ་རིའི་བར་གྱི་དགྲ་འཛིན་བསམ་པ་དང་དེ་བཞིན་དུ་ཡིད་རྟོན་དང་བདེ་འཇགས་ཚོར་སྣང་འདང་མེས་མེད་པ་དེ་ཡིན་ཞེས་གསུངས་པ་རེད།

ཧྭ་ཁྲུན་ཡིང་གིས་དུས་མཚུངས་སུ་གནད་དོན་འདི་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་དེ་ནི་སྐད་ཆ་བཤོད་རེས་ཀྱི་མཐུན་སྦྱོར་དོ་སྙོམ་བརྒྱུད་དེ་ཕྱོགས་ཁག་གི་ལུགས་མཐུན་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན། ཀྲུང་གོ་དང་ཨུ་རུ་སུས་སྟོན་པའི་ཇུས་གཞིར་བསམ་གཞིགས་ནན་ཏན་བྱེད་དགོས། ཀྲུང་གོ་དང་ཨུ་རུ་སུས་འཁོར་གཉིས་མཉམ་བགྲོད་བསམ་ཕྱོགས་དང་ཕྱོགས་གཉིས་གནས་སྐབས་མཚམས་འཇོག་ཀྱི་གྲོས་འགོ། དེ་བཞིན་དུ་གོམ་པ་རིམ་བགྲོད་ཀྱི་བསམ་ཕྱོགས་བཅས་རྨང་གཞིར་བྱས་པའི་ཐུན་མོང་གི་གྲོས་འགོ་ནི་ཕྱོགས་ཁག་གིས་དོ་ཁུར་བྱ་ཡུལ་ལ་བསམ་གཞིགས་གང་ལེགས་དང་དོ་སྙོམས་ཀྱི་ལྟ་རྟོགས་བྱེད་པའི་ལུགས་མཐུན་གྱི་ཇུས་གཞི་ཞིག་ཡིན་པ་དང་། དེས་མིག་སྔའི་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་ཐུབ་རྒྱུ་མ་ཟད། ཞི་གྲོས་བསྐྱར་དུ་བྱ་རྒྱུར་འགོ་འཛུགས་ས་རྙེད་ཐུབ་ལ་འབྲེལ་ཡོད་ཕྱོགས་ཁག་གིས་བསམ་བློ་ནན་ཏན་བཏང་སྟེ་དགེ་མཚན་ལྡན་པའི་ལན་ཆ་ཡག་པོ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།