ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་རང་རྒྱལ་གྱིས་ཕྱི་དངུལ་ནང་འདྲེན་བྱེད་པའི་གཞི་ཁྱོན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ།
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རང་རྒྱལ་གྱིས་ཕྱི་དངུལ་ནང་འདྲེན་བྱེད་པའི་གཞི་ཁྱོན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཕྱི་དངུལ་དེ་བས་མང་བ་ལག་རྩལ་མཐོ་གསར་གྱི་ཐོན་ལས་སུ་བཞག་ཡོད་པ་རེད། དེ་དང་དུས་མཚུངས་སུ་ཁེ་ལས་ཕྱིར་བསྐྱོད་པའི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་ཀྲུང་གོ་དེ་འཛམ་གླིང་ཐོག་ཕྱི་ཕྱོགས་ལ་ལས་གྲྭ་འགན་གཙང་གཏོང་བའི་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

འཛམ་གླིང་ཧྲིལ་པོའི་རྒྱལ་ཁོངས་ལས་སྒྲོལ་ནས་ཐད་ཀར་མ་འཇོག་བྱེད་པ་བརྒྱ་ཆ་༢ཆགས་འགྲོ་བའི་རྒྱབ་ལྗོངས་འོག་ལ་སྤྱི་ལོ་༢༠༡༦ལོར་རང་རྒྱལ་གྱིས་དོན་དངོས་ཐོག་ཕྱི་དངུལ་སྒོར་དུང་ཕྱུར་༨༦༤༤ནང་འདྲེན་བྱས་པ་དང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༣འཕར་སྣོན་བྱུང་ཡོད་པ་རེད། སྤྱི་ལོ་༢༠༡༣ལོ་ནས་སྤྱི་ལོ་༢༠༡༦ལོའི་བར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གསར་སྣོན་བྱུང་བའི་ཕྱི་རྒྱལ་གྱིས་མ་འཇོག་བྱས་པའི་ཁེ་ལས་ཆིག་འབུམ་ཁྲི་མེད་སྟོང་གཅིག་ཟིན་པ་དང་། དོན་དངོས་ཐོག་ནང་འདྲེན་བྱས་པའི་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར་༥༢༡༧ཟིན་ཡོད། ཚོང་དོན་པུའི་གསར་འགྱུར་མགྲིན་བྲས་པ་ཀའོ་ཕེང་གིས། རང་རྒྱལ་གྱིས་ཕྱི་དངུལ་ནང་འདྲེན་བྱས་པ་ལོ་༢༥རིང་བསྟུད་མར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཨང་དང་པོར་སླེབས་ཡོད་པ་དང་ཕྱི་དངུལ་མང་ཆེ་བ་ལག་རྩལ་མཐོ་གསར་གྱི་ཐོན་ལས་ཁུལ་ལ་འཇོག་བཞིན་ཡོད་ཅེས་གསུངས་པ་རེད།

དེ་དང་དུས་མཚུངས་སུ་སྤྱི་ལོ་༢༠༡༦ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་མ་རྩ་འཇོག་པ་ལོ་གཉིས་བསྟུད་མར་འཛམ་གླིང་གི་ཨང་གཉིས་པར་གྱུར་ཡོད། ན་ནིང་ལོ་མཇུག་བར་དུ་ཕྱི་རྒྱལ་ལ་ཐད་ཀར་མ་འཇོག་བྱས་པའི་གསག་འབོར་ཨ་སྒོར་དུང་ཕྱུར་ཆིག་ཁྲི་གསུམ་སྟོང་ཟིན་པ་དང་། རྒྱལ་ཁོངས་ཕྱིའི་མ་དངུལ་གྲངས་འབོར་ཨ་སྒོར་དུང་ཕྱུར་ལྔ་ཁྲི་ཟིན་ཡོད། རང་རྒྱལ་འདི་ཉིད་མིག་སྔར་འཛམ་གླིང་ཐོག་ཕྱི་རྒྱལ་ལ་ལས་གྲྭ་འགན་གཙང་གཏོང་བའི་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།