ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་པུའུ་གཉིས་ཀྱིས་མཉམ་དུ་ཉེས་དོན་གྱོད་གཞིར་ཁྲིམས་འབྱེད་པའི་དག་འབུད་ཡོངས་རྫོགས་ལ་ཁེབས་པའི་ཚོད་ལྟའི་ལས་དོན་བྱ་ཐབས་བཏོན་པ།
སྤེལ་བའི་དུས་ཚོད། : 2017-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་པུའུ་གཉིས་ཀྱིས་མཉམ་དུ་ཉེས་དོན་གྱོད་གཞིར་ཁྲིམས་འབྱེད་པའི་དག་འབུད་ཡོངས་རྫོགས་ལ་ཁེབས་པའི་ཚོད་ལྟའི་ལས་དོན་གྱི་བྱ་ཐབས་བཏོན་ཡོད་པ་རེད། བྱ་ཐབས་ནང་། ཁྲིམས་འབྱེད་པའི་ཉེས་དོན་དག་འབུད་ཡོངས་རྫོགས་ལ་ཁེབས་པའི་ལས་དོན་དེ་པེ་ཅིང་དང་ཧྲང་ཧའེ། ཀྲེ་ཅང་། ཨན་ཧུའེ། ཧོ་ནན། ཀོང་ཏུང་། སི་ཁྲོན། ཧྲའན་ཞི་བཅས་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཚོད་ལྟ་བྱེད་སར་གཏན་འབེབས་བྱས་ཡོད་པ་རེད།

བྱ་ཐབས་ལ་གཞིགས་ན། ཉེས་དོན་གྱོད་གཞིར་འདྲི་གཅོད་བྱེད་དུས། ཁྲིམས་ཁང་གིས་ཁྲིམས་ལུགས་རོགས་སྐྱོར་ལས་ཁུངས་ཀྱིས་ཁྲིམས་འབྱེད་པ་མངག་གཏོང་བྱས་ཏེ་ཉེས་དོན་གཏུར་བཤེར་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཞུ་སྦྱོར་ཕྱི་མར་དག་འབུད་བྱེད་རྒྱུར་བརྡ་སྦྱོར་གཏོང་དགོས་པ་མ་ཟད། སྤྱོད་བདེའི་ལས་རིམ་སྤྱིར་བཏང་བར་འདྲི་གཅོད་བྱེད་པའི་འདྲི་གཅོད་དང་པོ་དང་འདྲི་གཅོད་གཉིས་པ། འདྲི་གཅོད་བསྐྱར་མ་བཅས་ཀྱི་གྱོད་གཞིའི་ནང་། ཞུ་སྦྱོར་ཕྱི་མས་དག་འབུད་བྱེད་མཁན་ལ་མངག་བཅོལ་བྱེད་མེད་མཁན་དག་ལ། ཁྲིམས་ཁང་གིས་ཁྲིམས་ལུགས་རོགས་སྐྱོར་ལས་ཁུངས་ཀྱིས་ཁྲིམས་འབྱེད་པ་མངག་གཏོང་བྱས་ཏེ་དེ་དག་ལ་དག་འབུད་བྱ་འོས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་རྡོ་རྗེ།