ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ཐད་གནང་བའི་མཛུབ་ཁྲིད་བསམ་འཆར།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་མཐོར་གཏོང་བྱ་སྤྱོད་སྤེལ་རྒྱུའི་ཐད་གནང་བའི་མཛུབ་ཁྲིད་བསམ་འཆར་ཞེས་པ་ཡོངས་བསྒྲགས་བྱས་ཡོད།

བསམ་འཆར་ནང་། མཁོ་སྤྲོད་སྤུས་ཚད་མཐོར་གཏོང་བྱ་རྒྱུ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་ལ་བསྒྱུར་བཅོས་བྱེད་པའི་ཁ་ཕྱོགས་གཙོ་བོ་ཡིན་ལ། སྒོ་ཀུན་ནས་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོར་གཏོང་བྱ་རྒྱུ་ནི་མཁོ་སྤྲོད་མ་ལག་མཐོར་གཏོང་བྱེད་པའི་ལྟེ་བའི་ལས་འགན་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་བསྟར་ནས་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་སྤེལ་བ་དང་། སྒོ་ཀུན་ནས་སྤུས་ཚད་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྒོ་ཀུན་ནས་སྤུས་ཚད་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཀྱི་བཟང་ཆ་གསར་པ་གང་མགྱོགས་གསོ་སྤེལ་བྱེད་པ་བཅས་བྱས་ནས་ལོ་བརྒྱ་བྱས་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་གདིང་དགོས་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བྱམས་པ་ཚེ་རིང་།