རྒྱལ་ཡོངས་ཀྱི་གཉིས་གཏོད་བྱེད་སྒོའི་གཟའ་འཁོར་གྱི་ནང་སོག་གི་ཚོགས་ར་གཙོ་བོའི་བྱེད་སྒོ་པོ་ཐོའུ་རུ་གཉེར་བ།
སྤེལ་བའི་དུས་ཚོད། : 2017-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་གནང་བ་བརྒྱུད། ད་ལོ་རྒྱལ་ཡོངས་ཀྱི་གཉིས་གཏོད་བྱེད་སྒོའི་གཟའ་འཁོར་སྤྱི་ཟླ་༩པའི་ཚེས་༡༥ཉིན་ནས་ཚེས་༢༡ཉིན་བར་གཉེར་རྒྱུ་ཡིན་ཞིང་། བརྗོད་དོན་གཙོ་བོ་ནི་༼གཉིས་གཏོད་ཀྱིས་རིམ་འཕར་ལ་སྐུལ་འདེད་དང་། སྒུལ་ནུས་གསར་པ་སྟོབས་ཆེར་གཏོང་བ་༽ཞེས་པ་དེ་ཡིན། བྱེད་སྒོ་སྤེལ་ས་གཙོ་བོ་ཧྲང་ཧའེ་རུ་བཙུགས་ཡོད་པ་དང་། སྐབས་དེ་དུས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་ནས་དུས་མཉམ་དུ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནང་སོག་གི་གཉིས་གཏོད་བྱེད་སྒོའི་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་པོ་ཐོའུ་གྲོང་ཁྱེར་རུ་ཡིན་པ་དང་། པོ་ཐོའུ་ཞི་ཐུའུ་མཐོ་གསར་ཁུལ་ལ་ད་ལོ་རྒྱལ་ཁབ་ཀྱི་ཁག་གཉིས་པའི་གཉིས་གཏོད་དཔེ་སྟོན་རྟེན་གཞིའི་ཆོག་མཆན་ཐོབ་སྟེ་ནང་སོག་གི་རྒྱལ་ཡོངས་གཉིས་གཏོད་དཔེ་སྟོན་རྟེན་གཞི་ཐོག་མར་འགྱུར་ཡོད། བྱེད་སྒོའི་གཟའ་འཁོར་གཉེར་བའི་གོ་སྐབས་སྤྱད་དེ། པོ་ཐོའུ་ཞི་ཐུའུ་མཐོ་གསར་ཁུལ་གྱིས་གཉིས་གཏོད་ལ་སྐུལ་འདེད་དང་། གཉིས་གཏོད་དཔེ་སྟོན་རྟེན་གཞི་འཛུགས་སྐྱོང་གི་བརྒྱུད་རིམ་ནང་གསོག་འཇོག་བྱས་པའི་ཐབས་ཤེས་དང་ཉམས་མྱོང་བཟང་པོ་ངོ་སྤྲོད་དང་དྲིལ་བསྒྲགས་གང་ལེགས་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་གཡུ་སྒྲོན།