རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསམ་འཆར་འགྲེམ་སྤེལ་བྱས་ནས། ཧྲན་ཞི་ཞིང་ཆེན་གྱི་ཐོན་ཁུངས་རྣམ་པའི་དཔལ་འབྱོར་རྣམ་པ་བརྗེ་འགྱུར་གོང་འཕེལ་ལ་རྒྱབ་སྐྱོར་བྱས་པ།
སྤེལ་བའི་དུས་ཚོད། : 2017-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་ཧྲན་ཞི་ཞིང་ཆེན་གྱིས་སྔར་བས་བསྒྱུར་བཅོས་གཏིང་ཟབ་བྱས་ནས་ཐོན་ཁུངས་རྣམ་པའི་དཔལ་འབྱོར་རྣམ་པ་བརྗེ་འགྱུར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་འགྲེམ་སྤེལ་བྱས་ཡོད་པ་རེད།

བསམ་འཆར་ནང་། གོང་འཕེལ་གྱི་སྤུས་ཚད་དང་ནུས་འབྲས་མཐོ་རུ་གཏོང་རྒྱུས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུས་ལམ་ཐིག་གཙོ་བོ་བྱས་ཏེ། གསར་གཏོད་ཀྱིས་གོང་འཕེལ་ལ་སྒུལ་ཤུགས་སྦྱིན་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནུས་ཁུངས་མཁོ་སྤྲོད་དང་། འཛད་སྤྱོད། ལག་རྩལ། སྒྲིག་གཞི་བསྒྱུར་བཅོས། རྒྱལ་སྤྱིའི་མཉམ་ལས་བཅས་ལ་སྐུལ་འདེད་བཏང་ཐོག ནུས་ཁུངས་གསར་བརྗེའི་སྣེ་ཁྲིད་པར་གྱུར་བ་བྱེད་པ་དང། ཐོན་ལས་རྣམ་པ་བརྗེ་འགྱུར་རིམ་འཕར་ལ་སྐུལ་འདེད་གཏོང་བ། ཕྱི་ནང་གཉིས་ཀར་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པ་བཅས་བྱས་ནས། ཐོན་ཁུངས་རྣམ་པའི་དཔལ་འབྱོར་རྣམ་པ་བརྗེ་འགྱུར་ལ་ངོ་བོ་རང་བཞིན་གྱི་འགག་གཏོར་ཡོང་བ་བྱ་རྒྱུ་དང་། ཧྲན་ཞི་ཞིང་ཆེན་དེ་ཉིད་གསར་གཏོད་ལས་སྐྲུན་གྱི་གསོན་ཤུགས་གང་ལེགས་འཕེལ་བ་དང་། དཔལ་འབྱོར་གོང་འཕེལ་གྱི་ནང་སྐྱེས་འགུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ། འགུལ་ནུས་གསར་རྙིང་བརྗེས་པའི་ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་ཐོན་ཁུངས་རྣམ་པའི་དཔལ་འབྱོར་རྣམ་པ་བརྗེ་འགྱུར་གོང་འཕེལ་གྱི་དཔེ་སྟོན་ཁུལ་ལ་འཛུགས་སྐྲུན་བྱེད་དགོས་ཞེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐྱིད་པོ།