ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་རྒྱུ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་གྱི་འགྲེམས་ཚོགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནཱ་ཝའི་སྤྱི་ཁྱབ་ཁང་དུ་སྐོང་འཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2017-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་རྒྱུ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་གྱི་འགྲེམས་ཚོགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནཱ་ཝའི་སྤྱི་ཁྱབ་ཁང་ཝན་གོ་ཕོ་བྲང་དུ་སྐོང་འཚོགས་བྱས་པ་རེད། ཨུ་རུ་སུ་དང་ཨ་རི། ཡོ་རོབ་མནའ་འབྲེལ། ཧྥ་རན་སི། ལྷོ་ཨ་ཕེ་རི་ཁ། པ་ཙེར། པ་ཀི་སི་ཐན། དབྱི་རན། ཁུ་པ་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས་༧༠ལྷག་ཙམ་གྱི་གཞུང་ཚབས་ཕོ་ཉ་དང་ཕྱི་འབྲེལ་དཔོན་དང་། རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་སི་ཝུན་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣ། དེ་བཞིན་སྲིད་གཞུང་མིན་པའི་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣ་སོགས་མི་གྲངས་༨༠༠ལྷག་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

འདི་ནི་ཀྲུང་གོས་ཐེངས་དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་ལྷན་ཚོགས་རིང་སྐོང་འཚོགས་བྱས་པའི་མིས་བརྗོད་བྱ་གཙོ་བོར་བྱས་པའི་འགྲེམས་སྟོན་བྱས་པ་ཞིག་ཡིན། འགྲེམས་སྟོན་བྱས་པའི་པར་རིས་༧༠ལྷག་དང་བརྙན་ཟློས་ཐུང་གྲས་༡༥ཐོག་ནས་དབུལ་ཕོང་ཉུང་གཏོང་དང་སློབ་གསོ། ལས་ཞུགས། བདེ་ཐང་། ཁོར་ཡུག དམངས་གཙོ། ཁྲིམས་སྐྱོང་། ཆོས་ལུགས། གྲངས་ཉུང་མི་རིགས་སོགས་ཐད་ཀྱི་གནས་མངོན་པར་བྱས་པ་དང་། ཁྱོན་ཡོངས་དང་བང་རིམ་མང་པོའི་སྒོ་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་གྱི་ཡར་ཐོན་མཚོན་པར་བྱས་པ་དང་དེ་བཞིན་དུ་ཀྲུང་གོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་གི་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བ་མཚོན་པར་བྱས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་།