རྒྱལ་ཁབ་ཀྱི་སྨན་བཅོས་འགན་ལེན་ས་ཆ་གཞན་དུ་རྩིས་རྒྱག་བྱེད་པའི་མ་ལག་ཞིང་ཆེན་ཡོངས་སུ་ཤར་གཏོང་ཐུབ་པ།
སྤེལ་བའི་དུས་ཚོད། : 2017-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་9ཚེས་7ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བསྟན་དོན། རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོས་སྐོར་ས་ཆ་གཞན་དུ་སྨན་བཅོས་དང་རྩིས་རྒྱག་ཀྱི་དྲ་སྦྲེལ་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། རྒྱལ་ཁབ་ཀྱི་ས་ཆ་གཞན་དུ་རྩིས་རྒྱག་པའི་མ་ལག་དེ་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་ཚང་མ་དང་སྦྲེལ་ཟིན་པ་རེད། ཞིང་ཆེན་ལས་བརྒལ་བའི་ནད་བཅོས་སྨན་ཁང་6616སྒོ་ཕྱེ་ཡོད་པ་དང་། ཞིང་ཆེན་བརྒལ་ནས་ཐད་ཀར་མི་ཁྲི་2.92ཀྱིས་རྩིས་རྒྱག་ཐུབ་པ་དང་། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་ངོས་ནས་མི་གྲངས་ཁྲི་1ལྷག་ཙམ་གྱིས་ཐད་ཀར་བརྩིས་བརྒྱབ་པ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཡུའུ་ཅུན་གྱིས། ད་ལོའི་ཟླ་9པའི་ཟླ་མཇུག་ཏུ་སྨན་བཅོས་འགན་ལེན་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་དྲ་སྦྲེལ་ཐུབ་པ་དང་ཞིང་ཆེན་ལས་བརྒལ་ནས་ནད་བཅོས་སྨན་ཡོན་ཐད་ཀར་བརྩིས་རྒྱག་ཐུབ་ཅིང་། དུས་མཉམ་དུ་ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ཚོད་ལྟ་བྱེད་པ་མ་ཟད་ཕྱོགས་བསྡོམས་དཔྱད་འཇོག་གི་ལས་དོན་ཡང་ཡག་པོ་ཡོང་བར་སྐུལ་འདེད་བཏང་ཚུལ་བསྟན་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།