དམངས་སྲིད་པུའུ་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བརྡ་ཐོ།
སྤེལ་བའི་དུས་ཚོད། : 2017-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། དམངས་སྲིད་པུའུ་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ནད་ཚབ་ལྗི་པའི་དབང་པོ་སྐྱོན་ཅན་བདག་སྐྱོང་ཁ་གསབ་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་བརྡ་ཐོ་ཞེས་པ་གཤམ་སྤེལ་བྱས་པ་ལས་གསལ་བར། ད་ལོའི་སྤྱི་ཟླ་༣ཚེས་༣༡ཉིན་བར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ཕུད་ཁ་གསབ་གཉིས་སྤྲོད་རྒྱུ་རྫོང་དང་ཆུས་ཡོངས་སུ་ཁྱབ་བ་དང་ཁ་གསབ་མ་དངུལ་སྤྲོད་རྒྱུ་དེ་ཁག་སོ་སོར་སྒོར་དུང་ཕྱུར་༡༣༣དང་དུང་ཕྱུར་༡༢༢ཟིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐྱིད་པོ།