རྒྱལ་སྲིད་སྤྱི་ཁྱབ་ཁང་ཨན་ཁང་ཅིང་ཁུན་མྱུར་བགྲོད་གཞུང་ལམ་གྱི་བརྒྱད་པའི་ཚེས་བཅུའི་ཚབས་ཧ་ཅང་ཆེ་བའི་འགྲིམ་འགྲུལ་ཆག་སྒོ་བརྟག་ཞིབ་ཚོ་ཆུང་བཙུགས་པ།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་ཧྲའན་ཤིའི་ཨན་ཁང་ཅིང་ཁུན་མྱུར་བགྲོད་གཞུང་ལམ་གྱི་བརྒྱད་པའི་ཚེས་བཅུའི་ཚབས་ཧ་ཅང་ཆེ་བའི་འགྲིམ་འགྲུལ་ཆག་སྒོ་བརྟག་ཞིབ་ཚོ་ཆུང་དེ་སྤྱི་ཚེས་བཅུ་གཉིས་ཉིན་ཧྲའན་ཤིའི་ཤིའི་ཨན་དུ་བཙུགས་པ་མ་ཟད། ཚང་འཛོམས་གྲོས་ཚོགས་ཚོགས་རེད། དོན་རྐྱེན་བརྟག་ཞིབ་ཚོ་ཆུང་གི་ཚོགས་གཙོ། རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱི་འགོ་འཛིན་གཞོན་པ་ཞུད་ཧྲའོ་ཁྲོན་སོགས་ཀྱིས་དོན་རྐྱེན་བརྟག་ཞིབ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་ཡོད་པ་རེད།

སྤྱི་ཟླ་བརྒྱད་པའི་ཚེས་བཅུ་ཉིན་གྱི་ཆུ་ཚོད་ཉི་ཤུ་རྩ་གསུམ་གཡས་གཡོན་དུ་ཧྲའན་ཤིའི་ཨན་ཁང་གྲོང་ཁྱེར་ཁོངས་སུ་འགྲིམ་འགྲུལ་ཆག་སྒོ་ཚབས་ཧ་ཅང་ཆེན་པོ་ཞིག་ཐོན་ནས་མི་སུམ་ཅུ་སོ་དྲུག་གྲོངས་པ་དང་། མི་བཅུ་གསུམ་རྨས་ཡོད་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱལ་པོ།