རང་རྒྱལ་དུ་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལ་ཉེ་བ་ཁྲག་ཤེད་མཐོ་བའི་ནད་ཡོད་པ།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ལྟེ་གནས་ཀྱིས་སྤྱི་བསྒྲགས་བྱས་པའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་ཁྲག་ཤེད་མཐོ་བའི་ནད་ཀྱི་ཟུར་འཐེན་དཔེ་རིས་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་གསར་ཤོས་ལས་རང་རྒྱལ་དུ་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལ་ཉེ་བ་ཁྲག་ཤེད་མཐོ་བའི་ནད་ཡོད་པ་དང་། ནད་གཞི་ཕོག་ཚད་ཀྱང་རིམ་བཞིན་མང་དུ་འགྲོ་བ་དང་ལོ་ན་ཆེ་རུ་འགྲོ་བ་དང་བསྟུན་ནས་ནད་གཞི་ཕོག་ཚད་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

སྤྱིའི་ཆ་ནས་བལྟས་ཚེ། རང་རྒྱལ་གྱི་རང་ལོ་༡༨ཡན་གྱི་མིར་ཁྲག་ཤེད་མཐོ་བའི་ནད་གཞི་ཡོད་པ་བརྒྱ་ཆ་༢༣ཟིན་པ་དང་སྐྱེས་པ་བུད་མེད་ལས་མང་བ་ཡོད་ཅིང་། ཁག་སོ་སོར་བརྒྱ་ཆ་༢༤དང་གྲངས་ཆུང་གསུམ་དང་བརྒྱ་ཆ་༢༡དང་གྲངས་ཆུང་དྲུག་ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་ཕྱིན་ཡོད་པ་དང་། གྲོང་ཁྱེར་དུ་བརྒྱ་ཆ་༢༣དང་གྲངས་ཆུང་༡ཟིན་པ་དང་གྲོང་གསེབ་ཏུ་བརྒྱ་ཆ་༢༢དང་གྲངས་ཆུང་དགུ་ཟིན་ཡོད་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།