གཟི་རྩ་སྡེ་དགུའི་ས་ཡོམ་གནོད་འཚེའི་ཁུལ་ནས་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་མི་གྲངས་༥༢༥སྨན་བཅོས་བྱས་ཡོད་པ་རེད།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གསར་འགོད་པར་ཟི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ། སྤྱི་ཟླ་༨པའི་ཚེས་༡༢ཉིན་གྱི་ཆུ་ཚོད་༡༢པའི་བར་གཟི་རྩ་སྡེ་དགུའི་ས་ཡོམ་གནོད་འཚེའི་ཁུལ་ནས་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་མི་གྲངས་༥༢༥སྨན་བཅོས་བྱས་ཡོད་པ་རེད། མིག་སྔར་གནོད་འཕྲིའི་ཁུལ་དུ་ཚབས་ཆེའི་འགོས་ནད་དང་གློ་བུར་གྱི་སྤྱི་པའི་འཕྲོད་བསྟེན་གནས་ཚུལ་ཐོན་པའི་སྙན་ཞུ་འབྱོར་མེད་པ་རེད།

སྤྱི་ཚེས་༡༢ཉིན་གཟི་རྩ་སྡེ་དགུའི་ས་ཡོམ་རིམ་པ་༧དང་ཀླད་ཀོར་གྱི་གས་ཚད་པར་རིས་དངོས་སུ་ཀྲུང་གོའི་ས་ཡོམ་ཅུས་ཀྱི་གཟི་རྩ་སྡེ་དགུའི་བཀོད་འདོམས་ཁང་ནས་འགྲེམས་སྤེལ་བྱས་པ་རེད། གས་ཚད་པར་རིས་ལས་མངོན་པར། ད་ཐེངས་ས་ཡོམ་གྱི་གས་ཚད་ཆེ་ཤོས་རིམ་པ་དགུ་ཡིན་པ་དང་རིམ་པ་དྲུག་ཡན་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་༡༨༢༩༥ཟིན་པ་དང་ཁྱོན་ཟི་ཁྲོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་རྫོང་༨ལ་གནོད་འཚེ་བཟོས་ཡོད་པ་རེད།

རིགས་གཅིག་མཁས་པས་ད་ཐེངས་ཀྱི་ས་ཡོམ་གྱི་ཡོམ་ཚོར་ཤུགས་ཆེ་བ་དང་རིམ་པ་བདུན་དང་གྲངས་ཆུང་ཀླད་ཀོར་ཟིན་ཡོད། འོན་ཀྱང་གནོད་འཚེའི་ཁུལ་གྱི་ལྗོངས་རྒྱུའི་ཁུལ་དུ་མི་འབོར་རུབ་བསྡུས་ཆེ་བ་ཕུད་དེ་མིན་ས་ཁུལ་དུ་གྲོང་སྡེ་ཁ་འགྲེམས་ཐོར་བཤིག་ཏུ་གནས་པ་དང་སྤྱིའི་མི་འབོར་ཡང་མང་པོ་མེད་པའི་ཐོག ས་གནས་དེ་གའི་ཡོམ་འགོག་གནོད་སེལ་བྱེད་ནུས་ཉེ་བའི་ལོ་ཤས་རིང་ཡག་ཏུ་ཕྱིན་ཡོད་པས་ད་ཐེངས་ཀྱི་ས་ཡོམ་གནོད་འཚེའི་ཁུལ་དུ་མི་སྣ་འཆི་རྨས་དང་བཟོ་བཀོད་གཏོར་བཤིག་ཏུ་འགྲོ་ཚད་ཚང་མ་མཚོ་སྔོན་གྱི་ཡུལ་ཤུལ་ས་ཡོམ་རིམ་པ་བདུན་དང་གྲངས་ཆུང་གཅིག་དང་ཟི་ཁྲོན་ལུའུ་ཧྲན་གྱི་ས་ཡོམ་རིམ་པ་བདུན་དང་གྲངས་ཆུང་ཀླད་ཀོར། ཡུན་ནན་ལུའུ་ཏན་གྱི་ས་ཡོམ་རིམ་པ་དྲུག་དང་གྲངས་ཆུང་ལྔ་ལས་ལྡབ་ཀྱི་ཆུང་བ་ཡོད་ཅེས་གསུངས་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།