ཧེ་ལུང་ཅུང་ཕུའུ་ཇི་རྒྱལ་ཁབ་འདམ་རའི་སྤྱི་ལིང་དུ་ཅེ་རེན་ལུང་གིས་སྤྱི་གླིང་སྐམ་གློག་འཁོར་ལོ་འགན་གཙང་བླངས་པ།
སྤེལ་བའི་དུས་ཚོད། : 2017-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཧེ་ལུང་ཅུང་ཕུའུ་ཇི་རྒྱལ་ཁབ་འདམ་རའི་སྤྱི་ལིང་དུ་ཅེ་རེན་ལུང་གིས་སྤྱི་གླིང་སྐམ་གློག་འཁོར་ལོ་འགན་གཙང་བླངས་པ་དང་ཞོགས་པ་སྔ་པོ་ནས་ཡུལ་སྐོར་བ་རླང་འཁོར་དུ་སྡོད་དུ་བཅུག་ནས་སྤྱི་གླིང་མཛེས་ལྗོངས་མྱོང་རོལ་བྱེད་བཞིན་ཡོད།

དུས་རབས་གོང་མའི་ལོ་རབས་༩༠པར་འདམ་རའི་སྤྱི་གླིང་གནས་ས་དེ་ནི་འདམ་ར་ཆེན་མོ་ཞིག་ཡིན་པ་དང་ཞིང་པ་མི་ཉུང་བ་ཞིག་གིས་འདི་གར་གསར་སྦོལ་བྱེད་དུ་ཡོང་མྱོང་ཡོད། ཅེ་རེན་ལུང་གིས་ཀྱང་འདི་གར་མུའུ་༣༠༠གསར་སྦོལ་བྱས་ཏེ་སྲན་སེར་འདེབས་འཛུགས་བྱས་མྱོང་། འོན་ཀྱང་གསར་སྦོལ་བྱས་པའི་ས་ཞིང་ལ་འཁྱིལ་ཆུའི་གནོད་སྐྱོན་ཡང་སེ་ཕོགས་པའི་དབང་གིས་ལོ་གཅིག་གི་འབྲུ་རིགས་བསྡུ་ཚད་གང་ཡང་ཡོང་གི་མེད་པ་རེད། སྤྱི་ལོ་༡༩༩༨ལོར་ཧེ་ལུང་ཅང་གིས་ཁྱོན་ཡོངས་གསར་སྦོལ་འདེབས་འཛུགས་བྱེད་པ་མཚམས་འཇོག་བྱས་པ་རེད། ཉེ་བའི་ལོ་ལྔའི་ནང་ཕུའུ་ཅིང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནང་ཁྱོན་འདམ་རྩ་སྤྱི་ཆིང་༡༣༠༠ཚུར་བླངས་ཡོད་པ་རེད། གཞི་ཁྱོན་ཆེན་པོ་འདི་ལྟ་བུའི་ཞིང་དོར་འདམ་ར་གསོ་བ་དེས་ཅེ་རེན་ལུང་ཚུད་པའི་ཞིང་པ་མང་པོ་ཞིག་གིས་འདམ་ར་གསར་སྦོལ་བྱེད་པའི་ཞིང་པའི་ཁེ་སྤོགས་ལ་ཐུགས་ཡོད་པ་རེད།

འདམ་རའི་སྤྱི་གླིང་བསྐྲུན་ཚར་རྗེས་སྲིད་གཞུང་ནས་ཞིང་པ་འགའ་ཤས་ཤིག་གླིང་གླིང་ནང་དུ་ལས་ཀ་བྱེད་དུ་བཅུག་པ་དང་ལོ་གཅིག་གི་ལོ་ཕོགས་ཀྱང་སྒོར་ཆིག་ཁྲི་ལྷག་ཟིན་གྱི་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།