ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འཁོར་བའི་གྲུབ་འབྲས་འགྲེམ་སྟོན་པེ་ཅིང་དུ་ལེགས་གྲུབ་ལྡན་པའི་ངང་མཇུག་འགྲིལ་བ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ།། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་གཉེར་བའི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འཁོར་བ་སྟེ། སེམས་པ་གཅིག་འགྲིལ་ངང་མདུན་ལམ་གཏོད། གོ་སྐབས་གསར་པ་ཁོང་དུ་ཆུད་པ་བྱེད་ཅེས་པའི་གྲུབ་འབྲས་འགྲེམ་སྟོན་སྤྱི་ཚེས་༡༦ཉིན་ཀྲུང་གོ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ལེགས་གྲུབ་ལྡན་པའི་ངང་མཇུག་འགྲིལ་བ་རེད།

འགྲེམ་སྟོན་དེ་སྤྱི་ཟླ་དྲུག་པའི་ཚེས་༢༧ཉིན་འགོ་ཚུགས་ཚུན་དགའ་བསུ་ཆེན་པོ་ཐོབ་པ་དང་། ལྟ་སྐོར་ལ་ཡོང་མཁན་མི་ཐེངས་ཆིག་འབུམ་ཉིས་ཁྲི་ལས་བརྒལ་ཞིང་ལན་ཆ་ཆེན་པོ་བྱུང་ཡོད། འགྲེམ་སྟོན་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཤང་ཀང་གི་ཉེ་བའི་གནས་ཚུལ་ཞེས་པ་སོགས་འགྲེམ་ཁུལ་བཅུར་དབྱེ་ཡོད་པ་དང་། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་སོང་བའི་གོང་འཕེལ་གྱི་གྲུབ་འབྲས་གཅིག་སྡུད་བྱས་ཡོད་པ་མ་ཟད་འབྱུང་འགྱུར་གྱི་གོང་འཕེལ་འཆར་འགོད་སྔོན་པར་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།