རྒྱལ་ཡོངས་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གི་བཞུགས་མོལ་ཚོགས་འདུ་སྤྱི་ཚེས་16ཉིན་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་སྐོང་འཚོགས་བྱས་པ་དང་། གྲོས་ཚོགས་ཐོག་འཐུས་ཚང་གི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་འཛུགས་དགོས་པ་དང་། ཁྲིམས་འཛིན་སྲིད་འཛིན་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད།

ཁྲིམས་འཛིན་པུའི་པུའུ་ཀྲང་ཀྲང་ཅུན་གྱིས། ས་གནས་ཁག་གིས་དྲ་སྦྲེལ་ཐོག་སྣོན་ཞེས་པ་དང་སྐད་འཕྲིན་སོགས་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་དང་། ཁྲིམས་ལུགས་བྱ་དོན་འདྲི་རྩད་དང་འགན་ཟླ་དང་རྩོད་གཞི་ཐག་གཅོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ། ཁྲིམས་ལུགས་ཞབས་ཞུའི་ཁྲིད་སྟོན་དང་མཁོ་འདོན་བཅས་ལ་དམིགས་ཏེ། གཅིག་གྱུར་གྱི་ཁྲིམས་ལུགས་ཞབས་ཞུའི་དྲ་བའི་སྟེགས་བུ་འཛུགས་པ་དང་། ཁྲིམས་རྩོད་པའི་ལས་གཉེར་ཁང་དང་གཞུང་དཔང་ཁང་། ཁྲིམས་འཛིན་གསལ་འབྱེད་ལས་ཁུངས། ཁྲིམས་ལུགས་རོགས་སྐྱོབ་ལྟེ་གནས་སོགས་དངོས་གཟུགས་ཁྲིམས་ལུགས་ཞབས་ཞུའི་ལས་ཁུངས་ཁག་གཅིག་གཏན་འཁེལ་བྱས་ཏེ། མང་ཚོགས་ལ་ལེ་ལག་ཆ་ཚང་གི་ཁྲིམས་ལུགས་ཞབས་ཞུའི་སྟེགས་བུ་མཁོ་འདོན་བྱ་དགོས་པའི་གྲོས་འགོ་བཏོན་པ་སྟེ། གལ་ཏེ་མང་ཚོགས་ལ་ཁྲིམས་ལུགས་བྱ་དོན་ཐད་ཀྱི་གནད་དོན་འཕྲད་སྐབས་སྟེགས་བུའི་འདིའི་ཐོག་རོགས་རམ་རེ་ཞུ་བྱེད་ཆོག་པ་དང་། ཁོང་རྣམ་པའི་ཁྲོད་ཀྱི་ཕུལ་བྱུང་ཁྲིམས་རྩོད་པ་དང་གཞུང་དཔང་བ། ཁྲིམས་འཛིན་གསལ་འབྱེད་མི་སྣ་སོགས་དྲ་བའི་སྟེགས་བུའི་ཐོག་ཐོབ་ཐང་དངོས་ཀྱི་ཐོག་ནས་རང་གནས་སའི་ལས་ཁུངས་ཀྱི་ཚབ་བྱས་ཏེ། མང་ཚོསག་ལ་འདྲི་རྩད་མཁོ་འདོན་དང་ཁྲིམས་ལུགས་ཀྱི་རོགས་སྐྱོར་སོགས་གནད་དོན་ལ་ལན་རྒྱབ་ཏུ་འཇུག་ཆོག དུས་མཚུངས་སུ། ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་འཛིན་སྲིད་འཛིན་གྱི་ཆབ་སྲིད་ཞབས་ཞུའི་གྱོད་གཞིའི་མཛོད་འཛུགས་རྒྱུར་སྒྲིག་འཛུགས་དང་ཞིབ་འཇུག་བྱེད་པ་དང་། ས་ཁོངས་དང་རྣམ་གྲངས་དབྱེ་བ་གཞིར་བཟུང་། ཆེད་ལས་ཀྱི་ཤེས་བྱའི་མཛོད་དང་ཁྲིམས་ལུགས་ཀྱི་འདྲི་རྩད་མཛོད། རྒྱུགས་ལེན་གྱོད་གཞིའི་མཛོད་བཅས་བཏོད་རྒྱུ་ཡིན་ཞེས་དང་། ཀྲང་ཅུན་གྱིས། སྟེགས་བུ་འདི་འཛུགས་ཚར་རྗེས་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་སོགས་ཚན་པ་དང་སྒྲིག་འཛུགས། མི་སྒེར་བཅས་ཀྱིས་གྱོད་གཞིའི་མཛོད་བརྒྱུད་འབྲེལ་ཡོད་ཤེས་བྱ་དང་ཆ་འཕྲིན་འཚོལ་བཤེར་བྱེད་ཆོག་པ་དང་། མང་ཚོགས་ཀྱིས་གྱོད་གཞི་བརྒྱུད་འབྲེལ་ཡོད་ཁྲིམས་ལུགས་ཀྱི་རོགས་རམ་རག་ཐབས་བྱས་ཆོག་ཅེས་བསྟན་ཡོད་པ་རེད།

ཡིག་སྒྱུར། མཚམས་གཅོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།