སྐབས་གསུམ་པའི་རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཉམས་མྱོང་སྤེལ་རེས་ས་ཡུལ་དངོས་ཀྱི་ཚོགས་འདུ་སྐོང་འཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྐབས་གསུམ་པའི་རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཉམས་མྱོང་སྤེལ་རེས་ས་ཡུལ་དངོས་ཀྱི་ཚོགས་འདུ་སྤྱི་ཚེས་༡༦ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་སྐོང་འཚོགས་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་རང་རྒྱལ་མི་རིགས་རང་སྐྱོང་ཁུལ་སུམ་ཅུའི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་༡ཁྲི་༧སྟོང་༢རྒྱ་ཟིན་པ་དེ། སྤྱི་ལོ་༢༠༡༠ལོ་དང་བསྡུར་ན་ལྡབ་ཀྱིས་འཕར་ཡོད་པ་རེད།

ཚོགས་འདུས། མ་གཞི་རང་སྐྱོང་ཁུལ་ཁག་གི་ཚད་བརྒལ་གྱི་གོང་འཕེལ་འགྲོ་བའི་རྣམ་པ་མངོན་གསལ་དོད་ཀྱང་། དབུལ་གྲོལ་ཐུབ་ནས་འབྱོར་འབྲིང་ལམ་དུ་འགྲོ་བར་ད་དུང་ཡང་མནོན་ཤུགས་ངེས་ཅན་ལྡན་ཡོད། ཁུག་ཁག་གིས་དུས་བཀག་ལྟར་དབུལ་གྲོལ་དང་། གོམ་སྟོབས་གཅིག་མཚུངས་ཐོག་འབྱོར་འབྲིང་མངོན་འགྱུར་ཐུབ་པར། རྒྱལ་ཁབ་ཀྱིས་བཏོན་པའི་སྲིད་ཇུས་བཟང་པོ་ཁག་སྔར་བས་བེད་སྤྱོད་ཡག་པོ་གཏོང་དགོས་པ་དང་། ས་གནས་དེ་གའི་ཁྱད་ལྡན་ནུས་ཁུངས་ལ་གསོན་ཤུགས་འཕེལ་བར་འབད་བརྩོན་བྱེད་དགོས་པ། ཕྱོགས་གཞན་ཞིག་ནས་སྔར་བས་འཐུས་སྒོ་ཚང་ཞིང་ཕན་ནུས་ལྡན་པའི་དབུལ་སྐྱོར་དང་། འཕེལ་རྒྱས་ཀྱི་སྒྲིག་གཞི་འཚོལ་ཞིབ་དང་འཛུགས་སྐྱོང་བྱེད་དགོས་པ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་། ཕྱིའི་ཞིང་ཆེན་གྱི་རོགས་སྐྱོར། ནང་ཁུལ་གྱི་སྒུལ་ཤུགས་བཅས་མཉམ་དུ་མཆོངས་བརྒལ་ལྟ་བུའི་གོང་འཕེལ་འགྲོ་བའི་སྟོབས་ཆེའི་སྒུལ་ནུས་ལ་འགྱུར་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད་པ་རེད། །

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བློ་བཟང་རྒྱ་མཚོ།