རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་བཤེར་ཆེན་མོ་ཐེངས་བཞི་པ་སྤེལ་བ་དང་། ས་གནས་ཁག་གིས་ཁ་པར་བཙུགས་ནས་མང་ཚོགས་ཀྱིས་བཏང་བའི་གནད་དོན་གྱི་ཁུངས་སྣེ་དང་ལེན་བྱས་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ༼རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་བཤེར་ཆེན་མོ་ཐེངས་བཞི་པ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི་༽བླང་བྱ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་ཞིབ་ཙུའུ་༡༨མངགས་གཏོང་བྱས་ནས། ཟླ་བ་འདིའི་སྤྱི་ཚེས་༡༦ཉིན་ནས་སྤྱི་ཚེས་༣༡བར་ཞིང་ལྗོངས་དང་གྲོང་ཁྱེར་ཁག་ཅིག་ལ་ཁག་དབྱེ་སྟེ་བསྐྱོད་ནས་ས་ཡུལ་དངོས་ལ་ལྟ་བཤེར་བྱ་རྒྱུ་ཡིན་པ་རེད།

དེའི་རིང་། འབྲེལ་ཡོད་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་སྲིད་གཞུང་ནས་ས་གནས་དེ་གར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་བཤེར་ཁ་པར་བཙུགས་ནས། མང་ཚོགས་ཚོས་བཏོན་པའི་གནད་དོན་གྱི་ཁུངས་སྣེ་དང་བསམ་འཆར་དང་རེ་འདུན་དང་ལེན་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་ཚོས་ཁེ་ལས་དང་མང་ཚོགས་ཀྱི་ལས་དོན་བསྒྲུབ་དཀའ་བ་དང་། ཁེ་ལས་ལ་དངུལ་གང་བྱུང་དུ་བསྡུ་བ། དམངས་ཁྲོད་ལ་མ་འཇོག་བྱེད་པར་དཀའ་ངལ་མང་བ། བྱ་གཞག་གསར་གཏོད་ཀྱི་སྲིད་ཇུས་དོན་འཁྱོལ་མི་བྱེད་པ། དམངས་འཚོ་འགན་ལེན་དོན་ཐོག་ལ་མི་འཁྱོལ་བ་སོགས་གཙོ་བོར་བཟུང་ནས་གནད་དོན་གྱི་ཁུངས་སྣེ་འདོན་སྤྲོད་བྱེད་པ་དང་། སྲིད་གཞུང་གི་ལས་དོན་ལ་བསམ་འཆར་དང་གྲོས་འགོ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་བཤེར་ཙུའུ་ཡིས་ཁ་པར་སླེབས་མཁན་མང་ཚོགས་མེ་སྒེར་གྱི་ཆ་འཕྲིན་དང་ཁ་པར་གྱི་ནང་དོན་ལ་གསང་བ་དམ་དྲག་བྱ་རྒྱུ་དང་། འདོན་སྤྲོད་བྱས་པའི་གནད་དོན་དང་བསམ་འཆར། གྲོས་འགོ་བཅས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནན་ཏན་ངང་ཞིབ་འཇུག་བྱས་ནས་བསྒྲུབ་རྒྱུ་ཡིན་པ་རེད། །

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བློ་བཟང་རྒྱ་མཚོ།