མཐོ་རིམ་ལས་རིགས་སློབ་གླིང་གིས་ཀྲུང་གོར་ཡོང་བའི་ཕྱིར་སྡོད་སློབ་མ་བདུན་སྟོང་ལྷག་དང་ལེན་བྱས་པ།
སྤེལ་བའི་དུས་ཚོད། : 2017-07-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༥ཉིན་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པའི་སྤྱི་ལོ་༢༠༡༧ལོའི་ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་ཀྱི་ལོ་འཁོར་སྙན་ཞུ་ཞེས་པའི་ནང་མངོན་པར། རང་རྒྱལ་གྱི་མཐོ་རིམ་ལས་རིགས་སློབ་གླིང་གི་སྤྱི་ལོ་༢༠༡༦ལོའི་སློབ་ཐོན་སློབ་མའི་ལོ་ཕྱེད་རྗེས་ཀྱི་ལས་ཞུགས་ཐུབ་ཚད་བརྒྱ་ཆ་༩༡དང་གྲངས་ཆུང་༥ཟིན་པ་དང་། ཆ་སྙོམས་ཟླ་རེའི་ཡོང་འབབ་སྒོར་༣༥༩༩ཟིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཐོ་རིམ་ལས་རིགས་སློབ་གསོའི་མ་དཔེར་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཉིན་རེ་བཞིན་ཆེ་རུ་ཕྱིན་ཡོད་པ། སྤྱི་ལོ་༢༠༡༦ལོར་རྒྱལ་ཡོངས་སུ་མཐོ་རིམ་ལས་རིགས་སློབ་གླིང་བརྒྱ་ཡིས་རྒྱལ་ཁོངས་ཕྱིར་ཁས་ལེན་བྱས་པའི་ལས་རིགས་སམ་ཆེད་ལས་ཀྱི་སློབ་ཁྲིད་ཚད་གཞི་283གསར་སྤེལ་བྱས་ཡོད་ཅིང་། མཐོ་རིམ་ལས་རིགས་སློབ་གླིང་གིས་ཀྲུང་གོར་ཡོང་བའི་ཕྱི་རྒྱལ་གྱི་སློབ་མ་ཁྱོན་༧༠༠༠ལྷག་བསྡུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་།