དུས་རབས་ཀྱི་དཔེ་བཟང་ཧོང་ཏཱ་ནན་ཞེས་པའི་ཚན་པ་བཞི་པ་དོ་ནན་པའི་དགེ་རྒན་དང་བྱམས་བརྩེ་ཅན་གྱི་ཡབ།
སྤེལ་བའི་དུས་ཚོད། : 2017-07-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ས་གཞི་རི་མོའི་དངོས་ཁམས་རིག་པ་མཁས་ཅན། ཇི་ལིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཧོང་ཏཱ་ནན་སྙུང་གཞི་ཕོག་ནས་སྨན་ཁང་ལ་ཞུགས་རིང་། ནད་ཁྲིའི་སྟེང་ནས་སློབ་མ་ཚོར་ངང་རྒྱུད་རིང་པོའི་སྒོ་ནས་དཀའ་གནད་དོགས་སེལ་གནང་བ་དང་། དཔྱད་རྩོམ་ལ་མཛུབ་ཁྲིད་གནང་བ། མཚམས་སྦྱོར་ཡི་གེ་འབྲི་གནང་བ་བཅས་རྒྱུན་འཁྱོངས་གནང་སྟེ་གཅེས་སེམས་ཟབ་མོའི་སྒོ་ནས་མི་དམངས་དགེ་རྒན་གྱི་རང་བཞིན་བཟང་པོ་མངོན་པ་དང་། རྩེར་སོན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་གནང་ཡོད་པ་རེད།
ཁོང་གི་གཞུང་ལས་ཁང་དུ་སླེབས་མཁན་ཚང་མས། དོན་དག་ཕྲ་མོ་ཞིག་ལ་དོ་སྣང་བྱེད་སྲིད་དེ། ཚོས་གཞི་རྫ་མདོག་ཡིན་པའི་གཞུང་ལས་སྒྲོག་ཙེའི་ནང་གཞོགས་སུ་རྐུབ་སྟེགས་མཐོ་བ་ཞིག་དང་དམའ་བ་ཞིག་བཞག་ཡོད་ཅིང་། ཕྱི་གཞོགས་སུ་རྐུབ་སྟེགས་གང་ཡང་མེད། ཚན་ཞིབ་ཚོགས་པའི་ཁོངས་མི་ཡུད་ཕིང་གིས། ང་ཚོ་ཚོགས་འདུ་ཁང་ལ་སྤྱིར་བཏང་བྱས་ན་མི་ཚང་མ་ཁ་སྤྲོད་བྱས་ནས་བསྡད་ཀྱི་རེད། རྒན་ཧོང་ལགས་ཀྱིས་ང་ཚོ་དང་གླེང་མོལ་སྤེལ་རེས་བྱེད་བདེ་བའི་ཆེད་དུ།ང་ཚོ་ཁོང་གི་ཉེ་འགྲམ་དུ་བསྡད་དུ་ཆུགས་ཀྱི་ཡོད་ཅེས་བཤད་པ་རེད། སྤྱི་ལོ་༢༠༠༩ལོར་ཧོང་ཏཱ་ནན་མེས་རྒྱལ་ལ་ཕྱིར་ལོག་གནང་བ་ནས་ད་ལྟའི་བར་དུ། ཁོང་གིས་འཁྲིད་གནང་བའི་སློབ་མ་༤༠ལྷག་ཙམ་ཡོད་པ་ཚང་མས་དེ་གར་དགེ་རྒན་དང་གྲལ་སྟར་གཅིག་སྒྲིག་བྱས་ནས་བསྡད་དེ། ཚད་ལྡན་ཡིག་ཆ་བཀླགས་པ་དང་། དཔྱད་གཞི་འབྲི་བ། དཔྱད་རྩོམ་ཞུ་དག་བཅས་བྱས་ཡོད་པ་རེད།

ཧོང་ཏཱ་ནན་གྱི་སེམས་ལ་སྤྲོ་སྣང་སྐྱེ་ཡུལ་གཅིག་ཡོད་པ་ནི་རང་གི་མིག་མདུན་ནས་སློབ་མ་ཚོ་འཚར་ལོངས་བྱུང་བ་དེ་ཡིན། ཁོང་གིས་ལུས་ཐོག་ཏུ་འཁྱེར་བའི་གློག་ཀླད་ནང་། ཚོགས་པའི་སློབ་མ་མི་རེ་ངོ་རེར་ཁེར་རྐྱང་གི་ཡིག་ཆ་བླུགས་སྣོད་བཟོས་ཡོད་པ་དེའི་ནང་སློབ་མ་ཚོས་བསྐྱལ་ཡོང་བའི་དཔེ་ཀློག་སྙན་ཞུ་དང་སློབ་སྦྱོང་ཟིན་བྲིས་བླུགས་ཡོད་པ་རེད། དེས་མ་ཟད་ཁོང་ཚོའི་ཆེད་དུ་མི་ཚེའི་འཆར་གཞི་ཡང་བཟོས་ཡོད་པ་རེད། རྩིས་རིག་དང་བྱ་རིམ་ལ་དགའ་མཁན་ཚོར་རྒན་ཧོང་ལགས་ཀྱིས་དཔྱད་གཞི་འཚོལ་རུབ་བྱེད་རོགས་གནང་གི་ཡོད་པ་དང་། མི་མེད་གནམ་གྲུར་དད་པ་ཡོད་མཁན་ཚོར་རྒན་ཧོང་ལགས་ཀྱིས་དངུལ་བཏང་ནས་གནམ་གྲུའི་དཔེ་དབྱིབས་ཉོས་ཏེ་སྤྲད་གནང་བ་མ་ཟད་ད་དུང་མི་མེད་གནམ་གྲུ་བཏང་ཆོག་པའི་ལག་འཁྱེར་ལེན་རོགས་གནང་གི་ཡོད་པ་རེད། སློབ་མ་ཚོའི་སེམས་ནང་། རྒན་ཧོང་ལགས་ནི་སྤོབས་སེམས་ཆེ་བའི་རིག་གཞུང་མཁས་ཅན་ཞིག་གཏན་ནས་མིན་པར། དགེ་ལས་ལ་མཐའ་གཅིག་ཏུ་གཞོལ་བའི་རྒན་རབས་ཞིག་དང་། གློ་གཏད་བཅོལ་ཆོག་པའི་གྲོགས་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། མི་གཞན་གྱིས་ཁོང་ལ། ལྟ་སྐྱོང་བྱས་དྲག་ན་ཁ་ཟན་པོར་མི་འགྲོའམ་ཞེས་སྐད་ཆ་འདྲི་དུས། ཁོང་གིས་རྒྱལ་ཁབ་ལ་ཤེས་ལྡན་པ་དགོས་མཁོ་ཆེན་པོ་རེད། ད་ལྟ་སེམས་ནུས་མང་ཙམ་འདོན་དགོས་རེད། གཅིག་བྱས་ན་ཁོང་ཚོའི་ཁྲོད་ནས་སློབ་དཔོན་ཆེན་མོ་བ་དང་། ནོར་པེལ་བྱ་དགའ་ཐོབ་མཁན་ཐོན་སྲིད་ཅེས་གསུངས་ཀྱི་ཡོད་པ་རེད།

སློབ་མ་མ་གོ་ཆིང་གིས། རྒན་ཧོང་ལགས་ཀྱིས་ང་ཚོར་ཐུགས་ཁུར་གནང་ལུགས་དེ་དངོས་གནས་གཞན་གྱིས་དོ་ཟླ་བྲལ་བ་ཞིག་རེད། ཁོང་གིས་སློབ་མ་ཡོད་པའི་ས་ཆ་དེ་ནི་ངའི་ཁྱིམ་གཞིས་ཡིན་ཞེས་གསུངས་ཀྱི་འདུག་ཅེས་བརྗོད། དེ་ཡང་རྒན་ཧོང་ལགས་སྐུ་བགྲོངས་རྗེས། ཁོང་གི་སློབ་མ་དང་། ལས་ཀའི་ཚོགས་པའི་ཁོངས་མི་ཚང་མ་མི་འགྲོ་བའི་རྒྱུ་མཚན་ཉག་ཅིག་དེ་རེད་ཅེས་བརྗོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བློ་བཟང་རྒྱ་མཚོ།