ལོ་སྟོད་ལ་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་༩དང་གྲངས་ཆུ་༨འཕར་ཡོད་པ།
སྤེལ་བའི་དུས་ཚོད། : 2017-07-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ནོར་སྲིད་པུས་སྤྱི་ཚེས་༡༤ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར། ལོ་སྟོད་ལ། རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཅུང་མྱུར་བའི་སྒོ་ནས་འཕར་སྣོན་འགྲོ་བའི་རྣམ་པ་མངོན་ཡོད་ཅིང་། ཡོང་འབབ་སྤྱིའི་རིན་འབོར་སྒོར་དུང་ཕྱུར་༩ཁྲི་༤སྟོང་༣བརྒྱ་ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་༩དང་གྲངས་ཆུང་༨འཕར་ཡོད་པ་རེད།

གྲངས་གཞིའི་ཐོག་ནས་མངོན་པར། ལོ་སྟོད་ལ། ཀྲུང་དབྱང་ལ་ཡོང་འབབ་སྒོར་དུང་ཕྱུར་༤ཁྲི་༣སྟོང་༨༩༡ཁྲི་ཟིན་པ་དེ། དུས་མཚུངས་ལས་བརྒྱ་ཆ་༩དང་གྲངས་ཆུང་༦འཕར་ཡོད་པ་དང་། ས་གནས་རིམ་པ་དེ་གར་ཡོང་འབབ་སྒོར་དུང་ཕྱུར་༥ཁྲི་སྟོང་མེད་༤༡༥ཟིན་པ་དེ། དུས་མཚུངས་ལས་བརྒྱ་ཆ་༡༠འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བློ་བཟང་རྒྱ་མཚོ།