བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལེའོ་ཉིང་ཞིང་ཆེན་གྱི་ལྕགས་དང་ངར་ལྕགས་རིགས་ལས་རིགས་ལ་ལྐོག་ཏུ་བརྟག་དཔྱད་བྱས་པར། རིགས་འདྲ་མིན་གྱི་གནད་དོན་༡༠༢ཤེས་རྟོགས་བྱུང་བ་དང་། མི་མངོན་པའི་ཉེན་ཚབས་མང་པོ་ལྡན་ཡོད་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བརྟག་དཔྱད་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ལེའུ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་དང་། ཡིང་ཁོའོ་གྲོང་ཁྱེར་ལ་བསྐྱོད་དེ། ལྕགས་དང་ངར་ལྕགས་ལས་རིགས་ཀྱི་ཐོན་ནུས་མང་དྲག་པ་རྣམས་བསེལ་བའི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་ལས་དོན་ལ་མངོན་ལྐོག་གཉིས་ནས་བརྟག་དཔྱད་བྱས་ཤིང་། ཨན་ཧྲན་པོའོ་ད་ལྕགས་དང་ངར་ལྕགས་ལས་རིགས་ཚད་ཡོད་ཀུང་སི་སོགས་ཁེ་ལས་༥ལ་གཙོ་གནད་ཐོག་ལྐོག་ཏུ་བརྟག་དཔྱད་བྱས་པར། ཁྱོན་རིགས་འདྲ་མིན་གྱི་ཉེན་འཚབ་ལྡན་པའི་གནད་དོན་༡༠༢ཤེས་རྟོགས་བྱུང་ཡོད། བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་བར། ཁེ་ལས་ཀྱི་ཆེད་དོན་བྱ་སྤྱོད་དོན་འཁྱོལ་བྱས་མེད་ཅིང་། ཚབས་ཆེའི་ཉེན་འཚབ་སྔར་བཞིན་ལྷགས་བསྡད་ཡོད་པ་དང་། ཁེ་ལས་ཀྱི་རང་འགུལ་དོ་དམ་ནུས་པ་མི་འདང་བ། ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཚད་གཞི་ལས་བརྒལ་བ་བཅས་ཀྱི་གནད་དོན་ལྷགས་ཡོད་པ་དང་། ཁེ་ལས་འགའ་ཤས་ཀྱིས་བསམ་འཆར་ནང་གི་བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་གྱི་ཚད་གཞི་ཟིན་པའི་བླང་བྱའི་དགོས་མཁོ་དང་བསྟུན་ཆེད། ལག་འཁྱེར་དང་སྒོ་བྱང་ལེན་རྒྱུ་གཙོ་བོར་འཛིན་པ་ལས། མཇུག་འབྲས་ལས་རྒྱུད་རིམ་ལ་སྣང་བ་མི་གཏོང་བ། ཞིབ་གཤེར་ལས་འཛུགས་སྐྲུན་ལ་དོ་སྣང་མི་བྱེད་པ། དོན་དངོས་ཐོག་ནུས་ལྡན་གྱི་བདེ་འཇགས་ཐོན་སྐྱེད་དོ་དམ་མ་ལག་ཅིག་བཙུགས་ཐུབ་མེད་པ་མ་ཟད་རྟག་ཏུ་ལེགས་བཅོས་ཁོ་ན་བྱས་ནས་བསྡད་ཀྱི་ཡོད། ཐ་ན་ཚབས་ཆེའི་ངོས་གཉིས་ཀྱི་གནད་དོན་ཡང་ལྷགས་བསྡད་ཡོད་པ་། གཞན་ཡང་ས་གནས་དེ་གའི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་དོན་ཐོག་ལ་འཁྱོལ་མེད་པ་དང་། ཁེ་ལས་ཀྱི་ཉེན་འཚབ་བསྒྱུར་བཅོས་རྩ་བ་ཉིད་ནས་མི་བྱེད་པའི་གནད་དོན་ཡང་ལྷགས་བསྡད་ཡོད་། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས། ལེའུ་ཉིང་ཞིང་ཆེན་བདེ་འཇགས་ལྟ་སྐུལ་དོ་དམ་ཚན་པར་འབྲེལ་ཡོད་ཀྱི་བླང་བྱ་ལྟར། གཟབ་ནན་ངང་ལྕགས་དང་ངར་ལྕགས་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་ལས་དོན་སྤེལ་ནས། ཉེན་འཚབ་བཅོས་སྒྲིག་དོན་ཐོག་ལ་འཁྱོལ་ཐུབ་པ་འགན་ལེན་བྱེད་དགོས་པ་དང་། ཉེས་ཆད་བཅོས་ཚད་ཤུགས་ཆེར་གཏོང་བ། ཁྲིམས་འཛིན་ནུས་པ་མཐོ་རུ་གཏོང་དགོས་པ་མ་ཟད། ཁེ་ལས་ལྔ་བཅོས་སྒྲིག་བྱས་པའི་ཇུས་གཞི་དང་འབྲེལ་ཡོད་ཁྲིམས་འཛིན་ཉེས་ཆད་བཅད་པའི་གནས་ཚུལ་དུས་བཀག་ནང་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལ་ཡར་ཞུ་བྱེད་དགོས་པའི་འགན་དཀྲིས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
ཡིག་སྒྱུར། བློ་བཟང་རྒྱ་མཚོ།