༢༠༡༧ལོའི་དམག་སྒར་གྱི་རིགས་པའི་གཞུང་ལུགས་ཀྱི་གལ་ཆེའི་གནད་དོན་ལ་ལྟ་བ་ཞེས་པའི་དེབ་འགྲེམ་སྤེལ་བྱས།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་དམག་ཨུད་འགོ་ཁྲིད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་གང་འདྲ་བྱས་ནས་སྤྱི་ལོ་༢༠༡༧ལོའི་དམག་སྒར་གྱི་རིགས་པའི་གཞུང་ལུགས་ཀྱི་གལ་ཆེའི་གནད་དོན་ལ་ལྟ་བ་ཞེས་པའི་དེབ་དེ་ཉིན་ཤས་གོང་དམག་ཡོངས་ལ་པར་འགྲེམས་བྱས་ཡོད་པ་རེད།

དེབ་དེ་ཏང་དང་རྒྱལ་ཁབ་དང་དམག་དཔུང་འཛུགས་སྐྱོང་གི་གནས་བབ་ཧྲིལ་པོར་དམིགས་པ་དང་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འཕེལ་འགྱུར་དང་འབྲེལ་བ་དམ་ཟབ་བྱས་པ། དམག་དཔུང་གི་གཞི་ཁྱོན་་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་ལུགས་སྒྱུར་བཅོས་ཀྱི་ནང་དོན་དེ་འབུར་ཏུ་ཐོན་པ་བྱས་པ། དཔོན་དམག་གིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གལ་ཆེའི་གནད་དོན་ལ་དོ་ཁུར་བཅས་བྱས་ནས་གོ་བདེ་བའི་རྒྱས་བཤད་དང་གསལ་འགྲེལ་བྱས་ཡོད་པས་གནད་དོན་གྱི་ཁྲིད་ཕྱོགས་ཁ་གསལ་བ་དང་གནད་ལུགས་བརྗོད་རྒྱུ་གནད་ལ་འཕིགས་པ། རྩོམ་སྲོལ་བབ་ཆག་པ་བཅས་བྱུང་ཡོད་པས་དམིགས་སའི་རང་བཞིན་དང་ལྟ་ཀློག་བྱེད་རིན་ཆེན་པོ་ལྡན་ཡོད་ཅིང་དཔུང་སྡེའི་ནང་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བསམ་བློ་ཆབ་སྲིད་སློབ་གསོ་གཏོང་བའི་གལ་ཆེའི་ཟུར་ཁྲིད་སློབ་གཞི་ཞིག་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར།སྐྱིད་པོ།