དགེ་རྒན་ཁྲི་ཡིས་སློབ་སྐྱོར་བྱེད་པའི་འཆར་གཞི་མགོ་ཚུགས་པ་དང་། དེ་དག་གིས་ཤིན་ཅང་དང་བོད་ལྗོངས་ཀྱི་སློབ་གསོ་མཐོར་འདེགས་ལ་སྐུལ་འདེད་གཏོང་རྒྱུ།
སྤེལ་བའི་དུས་ཚོད། : 2017-06-18 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལོ་སློབ་གསོ་པུའུ་ཡིས་པུའུ་དང་ཨུ་ཡོན་ལྷན་ཁང་མང་པོ་དང་མཉམ་འབྲེལ་ཐོག་དགེ་རྒན་ཁྲི་ཡིས་སློབ་སྐྱོར་བྱེད་པའི་འཆར་གཞི་མགོ་འཛུགས་རྒྱུ་ དང་། ནང་སའི་ཕུལ་བྱུང་དགེ་རྒན་ཤིན་ཅང་དང་བོད་ལྗོངས་སུ་སློབ་སྐྱོར་ལ་མངགས་ནས། ས་གནས་དེ་གཉིས་ཀྱི་རྨང་གཞིའི་སློབ་གསོ་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཤིན་ཅང་དང་བོད་ལྗོངས་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་ཆེད། ད་ལོ་སློབ་གསོ་པུའུ་ཡིས་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་དང་མཉམ་འབྲེལ་གྱིས་དགེ་རྒན་ཁྲི་ཡིས་སློབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱ་རྒྱུ་དང་། ནང་སའི་ཕུལ་བྱུང་དགེ་རྒན་ཤིན་ཅང་དང་བོད་ལྗོངས་སུ་མངགས་ནས་ས་གནས་དེ་གཉིས་ཀྱི་དགེ་རྒན་ལ་སྐུལ་འཁྲིད་དང་སྦྱོང་བརྡར་སྤྲོད་རྒྱུ་དང་། ཤིན་ཅང་དང་བོད་ལྗོངས་དང་། ནང་སའི་སློབ་གྲྭའི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཀྱི་རྒྱུན་རྣམ་སྒྲིག་གཞི་བཙུགས་ནས། ཤིན་ཅང་དང་བོད་ལྗོངས་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད། ས་གནས་དེ་གཉིས་ལ་མངགས་གཏོང་བྱ་རྒྱུའི་ཁག་དང་པོའི་དགེ་རྒན་བཞི་སྟོང་ཡོད་པ་དང་། དེའི་ཐོག་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ནས་མངགས་པའི་དགེ་རྒན་དང་ལས་ཐོག་དངོས་སྦྱོང་བྱེད་མཁན་དགེ་འོས་སློབ་མ་བསྡོམས་ན་ཁྱོན་མི་ལྔ་སྟོང་ལྔ་བརྒྱ་ཡོད་པ་རེད།

ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱལ་པོ།