ཀྲུང་གོའི་སྟོན་གྲངས་ཞིབ་འཇུག་ཁང་གིས་ཕྱིན་ཆད་ལོ་ལྔའི་ནང་རྒྱལ་ཡོངས་དངོས་ལས་དོ་དམ་ལས་རིགས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ཙམ་ཟིན་རྒྱུ་རེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-06-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གོའི་སྟོན་གྲངས་ཞིབ་འཇུག་ཁང་གིས་སྤྱི་ཚེས་༡༦ཉིན། སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པའི་ནང་། སྤྱི་ལོ་༢༠༡༦ལོར་ཀྲུང་གོའི་དངོས་ལས་ཁེ་ལས་སྟོབས་ཆེན་བརྒྱའི་ལོ་ཧྲིལ་པོའི་ཁེ་གཉེར་ཡོང་འབབ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་དེ་སྒོར་དུང་ཕྱུར་༦དང་བྱེ་བ་༢དང་ས་ཡ་༨ཟིན་པ་དང་། ཁེ་སྤོགས་གཙང་མ་སྒོར་བྱེ་བ་༤དང་ས་ཡ་༥དང་༧འབུམ་༨ཁྲི་༩སྟོང་༨བརྒྱ་ཟིན་པ་དེ། དུས་མཚུངས་ལས་བརྒྱ་ཆ་༡༦དང་གྲངས་ཆུང་༩འཕར་ཡོད། ཕྱིན་ཆད་ལོ་ལྔའི་ནང་རྒྱལ་ཡོངས་ཀྱི་རྨང་གཞིའི་དངོས་ལས་དོ་དམ་ཚན་པའི་གཞི་ཁྱོན་སྒོར་དུང་ཕྱུར་༡ཁྲི་༢སྟོང་ཙམ་ཟིན་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བློ་བཟང་རྒྱ་མཚོ།