ཀྲུང་དབྱང་དམག་ཨུད་ཀྱིས་ཤང་ཀང་ལ་བཅའ་སྡོད་དམག་གི་དཔེ་བཟང་དམིགས་བསལ་དམག་འཐབ་ལན་ཤོག་ཅེས་པའི་གཟི་བརྗིད་མཚན་སྙན་སྤྲོད་པའི་ཚོགས་ཆེན་ཤང་ཀང་དུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2017-06-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤང་ཀང་ལ་བཅའ་སྡོད་བྱས་ནས་ལོ་ངོ་ཉི་ཤུ་འཁོར་བ་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཤང་ཀང་ལ་བཅའ་སྡོད་དམག་གི་དཔེ་བཟང་དམིགས་བསལ་དམག་འཐབ་ལན་ཤོག་ཅེས་པའི་གཟི་བརྗིད་མཚན་སྙན་སྤྲོད་པའི་ཚོགས་ཆེན་སྤྱི་ཚེས་༡༦ཉིན་ཤང་ཀང་ལ་བཅའ་སྡོད་དཔུང་སྡེའི་ཨང་ཁྲོན་ཀྲའུ་དམག་སྒར་གྱི་ཚོགས་ཁང་དུ་འཚོགས་པ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་གནང་བའི་ཤང་ཀང་ལ་བཅའ་སྡོད་དཔུང་སྡེའི་ལུས་ཤོག་ག་གེ་མོའི་དམིགས་བསལ་དམག་འཐབ་ལན་ཤོག་ཞིག་ལ་ཤང་ཀང་ལ་བཅའ་སྡོད་དམག་གི་དཔེ་བཟང་དམིགས་བསལ་དམག་འཐབ་ལན་ཤོག་ཅེས་པའི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་བཀའ་རྒྱ་སྒྲོག་སྦྱང་གནང་བ་མ་ཟད། དམིགས་བསལ་དམག་འཐབ་ལན་ཤོག་ཞིག་ལ་བྱ་དགའི་དར་ཆ་སྤྲད་གནང་ཡོད། ལོ་ངོ་ཉི་ཤུའི་རིང་། ཤང་ཀང་ལ་བཅའ་སྡོད་དཔུང་སྡེས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཤང་ཀང་ལས་དོན་གྱི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་རྒྱུར་བརྩི་སྲུང་ཞུས་པ་དང་། ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་གྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ལ་སྣང་ཆེན་དང་། ལས་འགན་ལ་མཐོང་ཆེན་བྱས་པ། ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་པ། རྩེར་སོན་གསར་འབྱེད་བཅས་ཀྱི་ཤང་ཀང་ལ་བཅའ་སྡོད་དཔུང་སྡེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་འགོག་སྲུང་ལག་བསྟར་གྱིས་ལྟེ་བ་བྱས་པའི་ལས་དོན་ཁག་ལེགས་གྲུབ་ཡག་པོ་བྱས་པ་དང་། དཔུང་སྡེ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱ་རྒྱུར་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།