འདི་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་ཁྲལ་བསྡུ་དུས་མཚུངས་ལས་བརྒྱ་ཆ་11དང་གྲངས་ཆུང་8འཕར་བ།
སྤེལ་བའི་དུས་ཚོད། : 2017-04-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཁྲལ་བསྡུ་སྤྱི་ཁྱབ་ཅུས་ནས་སྤྱི་ཚེས་20ཉིན་གྲངས་གཞི་ཡོངས་བསྒྲགས་བྱས་པར། འདི་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་ཁྲལ་དོན་ཚན་པར་ཕྱིར་གཏོང་གི་ཁྲལ་དངུལ་ཕྱིར་སློག་བྱས་པ་འཐེན་རྗེས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་33317བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ་11དང་གྲངས་ཆུང་8འཕར་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གཉེར་ཁྲལ་ནས་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟ་ཁྱོན་ཡོངས་ནས་ལག་བསྟར་བྱས་རྗེས། ཀྲུང་དབྱང་དང་ས་གནས་ཀྱི་འཕར་ཁྲལ་ཡོང་འབབ་དབྱེ་འབྱེད་བར་བརྒལ་ཇུས་གཞིས་ན་ནིང་ལག་བསྟར་གྲངས་གཞིར་ལེགས་སྒྲིག་བྱས་རྗེས་ཀྱི་ཐབས་ལམ་གསར་པར་གཞིགས་ནས་རྩིས་རྒྱབ་ན། འདི་ལོའི་དུས་ཚིགས་དང་པོར། ཀྲུང་དབྱང་རིམ་པ་དང་ས་གནས་རིམ་པའི་ཁྲལ་བསྡུའི་ཡོང་འབབ་ཁག་སོ་སོར་སྒོར་དུང་ཕྱུར་15441དང་སྒོར་དུང་ཕྱུར་17876བྱུང་བ་དེ་ཁག་སོ་སོར་བརྒྱ་ཆ་11དང་གྲངས་ཆུང་1དང་། བརྒྱ་ཆ་12དང་གྲངས་ཆུང་4འཕར་ཡོད་པ་རེད། ཐོན་ལས་གསུམ་པའི་ཁྲལ་བསྡུའི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆ་55དང་གྲངས་ཆུང་7ཟིན་ནས། ཐོན་ལས་གཉིས་པ་ལས་བརྒྱ་ཆའི་གནས་11དང་གྲངས་ཆུང་6གིས་མང་བ་ཡོད་པ་དང་། ཐོན་ལས་གཉིས་པའི་ཁྲལ་བསྡུ་བརྒྱ་ཆ་15དང་གྲངས་ཆུང་7འཕར་བ་དེ་སྤྱི་ལོ་2016ལོའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གནས་16དང་གྲངས་ཆུང་4འཕར་ཡོད་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར་བ། སྐལ་བཟང་བདེ་སྐྱིད།