རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཆེད་དོན་ལས་ཁུངས་བཙུགས་ནས་བསྡོམས་རྩིས་རྫུན་བཟོར་རྡུང་རྡེག་གཏོང་རྒྱུ།
སྤེལ་བའི་དུས་ཚོད། : 2017-04-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་20ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྡོམས་རྩིས་ཁྲིམས་འཛིན་ལྟ་སྐུལ་ཅུས་དངོས་སུ་བཙུགས་ཡོད་པ་རེད། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཉིང་ཅེ་ཀྲེས། བསྡོམས་རྩིས་ཁྲིམས་འཛིན་ལྟ་སྐུལ་གྱི་རྣོ་གྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བསྡོམས་རྩིས་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། བསྡོམས་རྩིས་རྫུན་བཟོར་དོགས་ཟོན་དང་། གྲངས་གཞིའི་དོན་དངོས་རང་བཞིན་ཆེ་རུ་གཏོང་བའི་ཕུགས་ཕན་སྒྲིག་གཞི་འཛུགས་དགོས་ཞེས་གསུངས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་བསྡོམས་རྩིས་ཅུས་བསྡོམས་རྩིས་ཁྲིམས་འཛིན་ལྟ་སྐུལ་ཅུས་ཀྱི་འགན་འཁྲི་གཙོ་བོ་ནི་རྒྱལ་ཡོངས་ཀྱི་བསྡོམས་རྩིས་ལས་ཁུངས་ལ་ལྟ་སྐུལ་ཞིབ་བཤེར་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། བསྡོམས་རྩིས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དང་། བསྡོམས་རྩིས་རྫུན་བཟོར་དོགས་ཟོན་དང་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། བསྡོམས་རྩིས་ཁྲིམས་འཛིན་གྱི་འཐེན་ཞིབ་ལམ་ལུགས་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། བསྡོམས་རྩིས་ཁྲིམས་འགལ་ཐེར་འདོན་བདག་སྤྲོད་དང་གཉེར་བ། ལྟ་སྐུལ་བྱེད་པ་བཅས་བྱ་རྒྱུ་དང་། བསྡོམས་རྩིས་རྫུན་བཟོར་མཉམ་འབྲེལ་ཆད་གཅོད་སྒྲིག་གཞི་འཛུགས་རྒྱུ། བསྡོམས་རྩིས་ཡིད་རྟོན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། བསྡོམས་རྩིས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་འཆར་ཟིན་བཟོ་བ་དང་བསྡོམས་རྩིས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱ་རྒྱུ་སོགས་ཡིན་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར་བ། སྐལ་བཟང་བདེ་སྐྱིད།