ཁྲེན་མེར་ཀྲུང་གུང་ཀུའེ་ཀྲའུ་ཞིང་ཨུད་ཀྱི་ཧྲུའུ་ཅིར་བདམས་ཐོན་བྱུང་བ།
སྤེལ་བའི་དུས་ཚོད། : 2017-04-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 ཀྲུང་གུང་ཀུའེ་ཀྲའུ་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་སྤྱི་ཟླ་༤པའི་ཚེས་༢༠ཉིན་ཁྲེན་མེར་ཞིང་ཨུད་ཧྲུའ་ཅི་དང་། སུན་ཀྲེ་ཀང་། ཧྲེན་ཡེ་ཇེན། ༼བུད་མེད། པའེ་རིགས། ༽ཞིང་ཨུད་ཧྲུའུ་ཅི་གཞོན་པར་བདམས་ཡོད། ཞིང་ཨུད་རྒྱུན་ཨུད་དུ་བདམས་ཐོན་བྱུང་བའི་གྲས་སུ་ད་དུང་ལེའུ་ཞེའོ་ཧུང་༼མིའོ་རིགས།༽ཆིན་རུའུ་ཕེ། ཁྲེན་ཀང་། མུའུ་སྡེ་ཀུད། ཤ་ཧུང་མིང་། ཝང་ཞོ་ཀོང་། ལི་ཡེ་ཧྥེ། ལི་ཙའེ་ཡུང་། ༼ཀེ་ལའོ་རིགས།༽ ལུང་ཁྲང་ཁྲུན།༼མིའོ་རིགས།༽བཅས་ཡོད། ཀྲུང་གུང་ཀུའེ་ཀྲའུ་ཞིང་ཆེན་སྐབས་བཅུ་གཉིས་པའི་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་ཤ་ཧུང་མིང་ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་བདམས་པ་དང་། ཧོང་ཝེ་ཧྲེན་དང་། ཁྲེན་ཙའེ་ཐན། ༼ཏུང་རིགས།༽ཀྲང་བེན། ཀྲུའུ་ཅང་ཧྭ། ༼མིའོ་རིགས།༽བཅས་ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བདམས་ཡོད་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།
ཡིག་སྒྱུར་བ། ཟླ་བ་གཡུ་སྒྲོན།