ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ཏེ་ཞུ་གཏུགས་དབང་ཆ་འགན་སྲུང་དང་རྒྱལ་ཁབ་ཀྱི་གྱོང་གསབ་ལྟ་སྐུལ་ཚད་ལྡན་ཅན་དུ་བཏང་བ།
སྤེལ་བའི་དུས་ཚོད། : 2017-04-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༢༠ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་༼རྒྱལ་ཁབ་གྱོང་གསབ་ལྟ་སྐུལ་གོ་རིམ་ཁྲོད་ཀྱི་གནད་དོན་འགའ་ཤིག་སྐོར་གྱི་གཏན་འབེབས་༽ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་ཟླ་བ་༥པའི་ཚེས་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། གཏན་འབེབས་དེ་ནི་རྒྱལ་ཁབ་གྱོང་གསབ་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་གཞིགས་པ་དང་། ཉེ་ལམ་ལོ་ཤས་རིང་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་གྱོང་གསབ་གྱོད་གཞི་འདྲི་རྩད་བྱེད་པའི་ལས་ཀའི་དོན་དངོས་དང་ཟུང་སྦྲེལ་བྱས་ཏེ་བཟོས་པ་ཡིན་ཞིང་། དེའི་དམིགས་ཡུལ་ཡང་གྱོང་གསབ་རེ་ཞུ་བྱེད་མཁན་དང་གྱོང་གསབ་འོས་འགན་ལས་ཁུངས་ཀྱི་ཞུ་གཏུགས་དབང་ཆ་སྲུང་སྐྱོང་ཏན་ཏིག་བྱས་ཏེ། གྱོང་གསབ་ལྟ་སྐུལ་གྱོད་གཞིའི་ཐག་གཅོད་གོ་རིམ་སྔར་བས་ཚད་ལྡན་དུ་གཏོང་ཆེད་ཡིན་པ་རེད།

རྒྱལ་ཁབ་གྱོང་གསབ་ལྟ་སྐུལ་ནི་གྱོང་གསབ་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ནུས་ལྡན་ལ་ལྟ་སྐུལ་བྱས་པ་ཞིག་ཡིན། དེའི་ཁྲོད་གྱོང་གསབ་རེ་ཞུ་མཁན་དང་གྱོང་གསབ་འོས་འགན་ལས་ཁུངས་ཀྱི་ཞུ་གཏུགས་རེ་ཞུ་དང་། ཁྲིམས་ཁང་ནང་ཁུལ་གྱི་ལྟ་སྐུལ། ཞིབ་དཔྱོད་ཁང་གི་ལྟ་སྐུལ་བཅས་རྣམ་པ་མི་འདྲ་བ་ཁག་གསུམ་ཡོད་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར་བ། ཟླ་བ་གཡུ་སྒྲོན།