རང་རྒྱལ་དུ་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་འབོར་དུང་ཕྱུར་བཅུ་གསུམ་ལས་བརྒལ་བ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་དགུ་ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཡིའུ་ཅུན་གྱིས་ཡུན་ནན་གཡུས་ཤིའི་རུ། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་དེ་བས་འདྲ་མཉམ་དང་། དེ་བས་རྒྱུན་མཐུད་དམིགས་འབེན་དུ་བྱས་ཐོག སྤྱི་ཚོགས་འགན་སྲུང་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་པ་དང་། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་རྗེ་མགྱོགས་སུ་བཏང་བ། སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་རྒྱུན་མཐུད་རྒྱ་ཆེར་བཏང་ཡོད། དེའི་ནང་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་འབོར་དུང་ཕྱུར་བརྒྱད་དང་བྱེ་བ་དགུ་ཟིན་པ་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་འབོར་དུང་ཕྱུར་བཅུ་གསུམ་ལས་བརྒལ་ཡོད་པས། གཞི་རྩའི་ཆ་ནས་དམངས་ཡོངས་ལ་ཁྱབ་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་བཟང་པོ།