ནོར་སྲིད་པུའུ་དང་ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་ཆུའི་བཙོག་སྐྱོན་འགོག་སེལ་གྱི་ཆེད་དོན་མ་དངུལ་གྱི་ལས་ཆོད་གདེང་འཇོག་བྱ་ཐབས་མཉམ་འབྲེལ་ཐོག་པར་འགྲེམ་བྱས་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཆུའི་གཙོག་སྐྱོན་འགོག་སེལ་གྱི་ཆེད་དོན་མ་དངུལ་གྱི་དོ་དམ་ལེགས་སུ་གཏོང་ཆེད་དང་། མ་དངུལ་བེད་སྤྱོད་བྱེད་པའི་ཚད་ལྡན་རང་བཞིན་དང་། བདེ་འཇགས་རང་བཞིན། ནུས་ལྡན་རང་བཞིན་བཅས་མཐོ་རུ་གཏོང་བ། ཆུའི་གཙོག་སྐྱོན་འགོག་སེལ་བྱ་སྤྱོད་ཀྱི་འཆར་གཞིའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་རྒྱུར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པ་བཅས་ཀྱི་ཆེད། ནོར་སྲིད་པུའུ་དང་ཁོར་ཡུག་སྲུང་སྐྱོབ་པུས་ཉེ་དུས་ཆུའི་གཙོག་སྐྱོན་འགོག་སེལ་གྱི་ཆེད་དོན་མ་དངུལ་གྱི་ལས་ཆོད་གདེང་འཇོག་བྱ་ཐབས་མཉམ་འབྲེལ་ཐོག་པར་འགྲེམ་བྱས་ཡོད་པ་རེད།

བྱ་ཐབས་ནང་། ཆུའི་གཙོག་སྐྱོན་འགོག་སེལ་གྱི་ལས་ཆོད་གདེང་འཇོག་ལས་དོན་རིམ་པ་དབྱེ་ནས་ལག་བསྟར་བྱ་དགོས་པ་དང་། རིམ་ཁག་ནོར་སྲིད་དང་། ཁོར་ཡུག་སྲུང་སྐྱོབ་ཚན་པས་བླང་བྱ་དང་ལས་འགན་ཁག་དབྱེ་ནས་ལག་བསྟར་བྱ་རྒྱུ་གཞིར་བཟུང་ལས་ཆོད་གདེང་འཇོག་ལས་དོན་སྒྲུབ་པ་དང་། གདེང་འཇོག་བྱས་པའི་མཇུག་འབྲས་དེ་ཞིང་ཆེན་རིམ་པའི་ནོར་སྲིད་དང་ཁོར་ཡུག་སྲུང་སྐྱོང་ཚན་པས་ནོར་སྲིད་པུའུ་དང་ཁོར་ཡུག་སྲུང་སྐྱོབ་པུའུ་ལ་གོང་ཞུ་བྱེད་པ་དང་། པུའུ་གཉིས་ནས་ཞིང་ཆེན་ཁག་གིས་གོང་ཞུ་བྱས་པའི་ལས་ཆོད་གདེང་འཇོག་སྙན་ཞུར་ཞིབ་བསྡུར་དང་འཐེན་ཞིབ་སོགས་བྱེད་པ་མ་ཟད། སྙན་ཞུ་དེ་གཞིར་བཟུང་ལེགས་པར་བྱ་དགའ་དང་ཞན་པར་ཆད་པ་གཅོད་དགོས། དུས་མཚུངས་སུ། སྔོན་རྩིས་ལག་བསྟར་ཁྲོད་ཀྱི་ལས་ཆོད་ལྟ་སྐུལ་ཚོད་འཛིན་སྐོར་ལ། བྱ་ཐབས་ནང་ཁག་སོ་སོར་མ་དངུལ་ལ་དོ་དམ་དང་བེད་སྤྱོད་བྱེད་པ་དང་། ལོ་འཁོར་གྱི་ལག་བསྟར་ཇུས་གཞི་དང་ཆུའི་གཙོག་སྐྱོན་འགོག་སེལ་ཀྱི་གསོག་འཇོག་མཛོད་གཙོ་བོ་འབྲེལ་མཐུད་བྱེད་པ། རྣམ་གྲངས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་དོ་དམ་གྱི་བླང་བྱ་བཏོན་པ་དང་། ལས་ཆོད་དམིགས་འབེན་ནུས་ལྡན་སྒོ་ནས་མངོན་འགྱུར་ཡོང་རྒྱུར་སྐུལ་མ་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།