ཀྲུང་གོའི་མི་རེས་ཉིན་རེར་ཆ་སྙོམས་འཕྲིན་ཕྲན་བལྟ་ཀློག་སྐར་མ་ཉེར་དྲུག་བྱེད་པ་དང་། ལོ་རེར་དེབ་བདུན་ལྷག་ཙམ་བལྟ་ཀློག་བྱེད་པ།
སྤེལ་བའི་དུས་ཚོད། : 2017-04-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་གསར་འགྱུར་དཔེ་སྐྲུན་ཞིབ་འཇུག་ཁང་གིས་སྤྱི་ཚེས་བཅོ་བརྒྱད་ཉིན་རྒྱལ་ཡོངས་རྒྱལ་དམངས་ཀྱི་དཔེ་ཀློག་བརྟག་དཔྱད་ཐེངས་བཅུ་བཞི་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། གྲངས་གཞི་ལས་གསལ་བར། སྤྱི་ལོ༢༠༡༦ལོར་རང་རྒྱལ་གྱི་ནར་སོན་པའི་མིས་སྨྱན་བྱད་ཁག་ནས་ཕྱོགས་བསྡུས་ཐོག་དཔེ་ཀློག་བྱེད་ཚད་བརྒྱ་ཆ་བདུན་བཅུ་དོན་དགུ་དང་གྲངས་ཆུང་དགུ་ཟིན་པ་དང་། གྲངས་གཞི་ཅན་གྱི་དཔེ་ཀློག་བྱེད་ཚད་ལོ་བརྒྱད་བསྟུད་མར་འཕར་ནས། བརྒྱ་ཆ་དྲུག་བཅུ་རེ་བརྒྱད་དང་གྲངས་ཆུང་གཉིས་ཟིན་ཡོད་པ་དང་། ཤོག་བུའི་དཔེ་དེབ་བཀླག་ཚད་བརྒྱ་ཆ་ལྔ་བཅུ་ང་བརྒྱད་དང་གྲངས་ཆུང་བརྒྱད་ཟིན་པ། ལག་ཐོག་ཁ་པར་སྤྱོད་པའི་དུས་ཚོད་མངོན་གསལ་དོད་པོས་རིང་དུ་ཕྱིན་པ། ཆ་སྙོམས་མི་རེས་ཉིན་རེར་འཕྲིན་ཕྲན་བལྟ་ཀློག་བྱེད་པའི་དུས་ཚོད་སྐར་མ་ཉི་ཤུ་རྩ་དྲུག་ཟིན་ཡོད་པ། སྤྱི་ལོ༢༠༡༦ལོར་རང་རྒྱལ་གྱི་རྒྱལ་དམངས་མི་རེས་ཆ་སྙོམས་དཔེ་དེབ་བཀླག་ཚད་དེབ་བདུན་ལྷག་ཙམ་ཟིན་ཞིང་། དེའི་ནང་ཤོག་བུའི་དཔེ་དེབ་བཀླག་ཚད་དེབ་བཞི་ལྷག་ཙམ་དང་། གློག་རྡུལ་དེབ་བཀླག་ཚད་དེབ་གསུམ་ལྷག་ཙམ་ཟིན་གྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱལ་པོ།