ཨོའུ་ཕེ་ཁེས་2027ལོའི་གོ་ལ་ཧྲིལ་པོའི་རྡོ་སྣུམ་གྱི་དགོས་མཁོ་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་བ།
2026-10-14 09:43:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་13ཉིན་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་སྒྲིག་འཛུགས་ཀྱིས་ཟླ་རེའི་རྡོ་སྣུམ་ཁྲོམ་རའི་སྙན་ཞུ་ཁྱབ་བསྒྲགས་བྱས་ཡོད་པ་དང་། 2027ལོའི་གོ་ལ་ཧྲིལ་པོའི་རྡོ་སྣུམ་གྱི་དགོས་མཁོ་འཕར་ཚད་ཀྱི་སྔོན་དཔག་བསྟུད་མར་ཟླ་བ་དྲུག་གི་རིང་མཐོ་རུ་བཏང་ཡོད། སྙན་ཞུའི་ནང་སྔོན་དཔག་བྱས་པ་ལྟར་ན། 2027ལོར་གོ་ལ་ཧྲིལ་པོའི་ཉིན་རེའི་ཆ་སྙོམས་རྡོ་སྣུམ་གྱི་དགོས་མཁོ་དེ་2026ལོ་ལས་ཟོམ་ཁྲི་255འཕར་ནས་ཟོམ་དུང་ཕྱུར་1.0828བར་འཕར་རྒྱུ་ཡིན་པ་རེད།
















