འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 2026ལོའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་རྒྱལ་ཁབ་ཀྱི་ཤེས་དཔལ་གླེང་མོལ་དེ་ཚེས་14ཉིན་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་ཧྲེ་ཁའེ་ཁེའི་རྒྱལ་ཁབ་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་སྐོང་འཚོགས་བྱས་ཡོད། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། སྨྱན་སྦྱོར། རིག་གནས་དང་རིག་གཞུང་ལས་རིགས་ཀྱི་འཐུས་མི་བཅས་མི་200ལ་ཉེ་བ་བྱེད་སྒོར་ཞུགས་ཡོད། བྱེད་སྒོའི་རིང་མཉམ་ལས་རྣམ་གྲངས་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཉམ་ལས་མཉམ་འབྲེལ་གྱི་གན་འཇོག་མཛད་སྒོ་གཉེར་བ་དང་། ད་དུང་གྲལ་སྒོར་གླེང་མོལ་ཐེངས་མང་སྤེལ་ཡོད་པ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་བྱེད་སྒོའི་རིང་ལོ་རྒྱུས་སྙན་ངག་མ་ནཱ་སིའི་གཞས་མ་གཏམ་གྱི་འཁྲབ་སྟོན་ལ་གཟིགས་གནང་བ་དང་། ཀྲུང་ཧྭ་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་སྟེ། ལའེང་ཀྲུའུ་གྲངས་འཛིན་རིག་གནས་འགྲེམ་སྟོན་ཞེས་པ་དང་། མཛེས་པའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཞེས་པའི་མཐོང་ཚོར་གཟུགས་བརྙན་སྒྱུ་རྩལ་འགྲེམ་སྟོན་ལ་གཟིགས་སྐོར་གནང་ཡོད།