ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུ་དང་ཡུག་རེན་གྱིས་སྤེལ་བའི་དམག་དོན་བྱ་སྤྱོད་གསར་ཤོས།

2026-07-14 09:44:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས་13ཉིན་ཨུ་རུ་སུའི་དམག་གིས་ཉིན་དེར་རྒྱ་མཚོ་ནག་པོར་གནས་པའི་ཡུག་རེན་གྱི་ཆེའར་ནུའོ་མོ་སི་ཁེ་གྲུ་ཁར་རྡུང་རྡེག་བཏང་བ་དང་། གྲུ་ཁའི་ཡུག་རེན་དམག་གི་དམག་སྤྱོད་དངོས་ཟོག་འདོན་འཇུག་དང་ཉར་ཚགས་བྱེད་པའི་རྨང་གཞིའི་སྒྲིག་བཀོད་དང་། སྣུམ་རྒྱུ་གསོག་ཉར་སྒྲིག་བཀོད། གོ་མཚོན་མཛོད་ཁང་བཅས་གཏོར་བརླག་བཏང་ཡོད་ཅེས་བརྗོད་པ་རེད། ཡུག་རེན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་ཚེས་13ཉིན། ཡུག་རེན་ཕྱོགས་ཀྱིས་ཉིན་དེའི་ཐོ་རེངས་སུ་མི་མེད་གནམ་གྲུ་སྤྱད་དེ་ཨུ་རུ་སུའི་དམག་དོན་དམིགས་འབེན་བཅུ་གྲངས་ལ་གཞི་ཁྱོན་ཆེ་བའི་རྡུང་རྡེག་བཏང་ཡོད་ཅེས་བརྗོད་པ་རེད། 

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

ཨུ་རུ་སུ་དང་ཡུག་རེན་གྱིས་སྤེལ་བའི་དམག་དོན་བྱ་སྤྱོད་གསར་ཤོས།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས་13ཉིན་ཨུ་རུ་སུའི་དམག་གིས་ཉིན་དེར་རྒྱ་མཚོ་ནག་པོར་གནས་པའི་ཡུག་རེན་གྱི་ཆེའར་ནུའོ་མོ་སི་ཁེ་གྲུ་ཁར་རྡུང་རྡེག་བཏང་བ་དང་།