ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རེ་ནེ་ཝར་རྒྱལ་ཁབ་བདུན་གྱི་ཚོགས་པར་ངོ་རྒོལ་བྱེད་པའི་རྒོལ་གཏམ་བྱེད་སྒོ་སྤེལ་བ་དང་མི་སྟོང་ལྷག་ཙམ་དེར་ཞུགས་པ།

2026-06-15 16:41:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་བདུན་གྱི་ཚོགས་པའི་དབུ་ཚོགས་ལ་དམིགས་པའི་གཞི་ཁྱོན་ཆེ་བའི་རྒོལ་གཏམ་བྱེད་སྒོ་ཞིག་ཚེས་14ཉིན་གྱི་ཕྱི་དྲོར་སུའེ་ཙེར་གྱི་རེ་ནེ་ཝ་གྲོང་ཁུལ་དུ་སྤེལ་བ་དང་། མི་ཆིག་སྟོང་ལྷག་ཙམ་བྱེད་སྒོ་དེར་ཞུགས་ཡོད། བྱེད་སྒོ་དེ་“རྒྱལ་ཁབ་བདུན་གྱི་ཚོགས་པར་ངོ་རྒོལ་བྱེད་པའི་མནའ་འབྲེལ་”གྱིས་སྤེལ་བ་ཞིག་ཡིན་པ་རེད། རྒྱལ་ཁབ་བདུན་གྱི་ཚོགས་པའི་དབུ་ཚོགས་དེ་ཚེས་15ནས་ཚེས་17བར་ཧྥ་རན་སིའི་ཨའེ་ཝུའེ་ཨང་ལའེ་པན་དུ་འཚོག་རྒྱུ་ཡིན་པ་དང་། ས་ཆ་དེ་དང་རེ་ནེ་ཝའི་བར་སྤྱི་ལེ་40ལྷག་ཙམ་ལས་མེད་པ་རེད། ཉེ་ཆར་སུའེ་ཙེར་གྱིས་བདེ་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་མཐའ་མཚམས་སུ་དམག་མི་དང་ཉེན་རྟོག་པ་4000བཀོད་སྒྲིག་བྱས་པ་ཕུད། ད་དུང་ཚེས་11ཉིན་ནས་བཟུང་སུའེ་ཙེར་དང་ཧྥ་རན་སིའི་མཐའ་མཚམས་ཀྱི་གཞུང་ལམ་འགག་སྒོ་25སྒོ་བརྒྱབ་ཡོད་པ་རེད། 

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

རེ་ནེ་ཝར་རྒྱལ་ཁབ་བདུན་གྱི་ཚོགས་པར་ངོ་རྒོལ་བྱེད་པའི་རྒོལ་གཏམ་བྱེད་སྒོ་སྤེལ་བ་དང་མི་སྟོང་ལྷག་ཙམ་དེར་ཞུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་བདུན་གྱི་ཚོགས་པའི་དབུ་ཚོགས་ལ་དམིགས་པའི་གཞི་ཁྱོན་ཆེ་བའི་རྒོལ་གཏམ་བྱེད་སྒོ་ཞིག་ཚེས་14ཉིན་གྱི་ཕྱི་དྲོར་སུའེ་ཙེར་གྱི་རེ་ནེ་ཝ་གྲོང་ཁུལ་དུ་སྤེལ་བ་དང་།