ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་ཕྱོགས་ཀྱིས་གནས་ཚུལ་སྤེལ་ནས་དབྱི་སི་རལ་གྱིས་ལི་པ་ནོན་གྱི་སྐྱབས་མགོན་ཏང་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བའི་ཐད་ཨ་རི་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་རེ་བྱེད་ཀྱི་ཡོད་ཅེས་བརྗོད་པ།

2026-06-04 15:51:00     责编:娜科
 འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་སྨྱན་སྦྱོར་གྱིས་ཟླ་5ཚེས་31ཉིན་གནས་ཚུལ་སྤེལ་ནས། དབྱི་སི་རལ་གྱིས་ལི་པ་ནོན་གྱི་སྐྱབས་མགོན་ཏང་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བའི་ཐད་ཨ་རིའི་རྒྱབ་སྐྱོར་ཐོབ་རེ་བྱེད་ཀྱི་ཡོད་ཅིང་། དེའི་ནང་ལི་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐེ་ལ་མཁའ་ཐོག་འཇབ་རྒོལ་བྱེད་པ་ཚུད་ཡོད་ཅེས་བརྗོད་ཡོད། ཨེ་ཅེབ་ཀྱིས་ཉིན་དེར་དབྱི་སི་རལ་གྱིས་ལི་པ་ནོན་ལ་དམག་དོན་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་བའི་ཐད་རྒོལ་གཏམ་དྲག་པོ་བཏང་ཡོད། ཧྥ་རན་སིའི་ཙུང་ཐུང་གིས་ཉིན་དེར། མིག་སྔར་ཡང་དག་པའི་གནས་ལུགས་རྒྱུ་མཚན་གང་ཡང་མེད་པར་ལི་པ་ནོན་ལྷོ་རྒྱུད་ཀྱི་དུས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། མིག་སྔའི་ཁ་ཚ་དགོས་གཏུགས་ནི་ཨ་རི་དང་དབྱི་རན་གྱིས་གང་མགྱོགས་གྲོས་མཐུན་འཇོག་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཐེ་རོན་ཕུས་དམག་འཁྲུག་མགྱོགས་མྱུར་ངང་མཇུག་སྒྲིལ་འདོད་ཡོད་ཟེར།

འདས་ཟིན་པའི་དུས་སྐབས་ཤིག་རིང་། ཐེ་རོན་ཕུའུ་ཡིས་དབྱི་རན་གྱི་དམག་འཁྲུག་མཇུག་སྒྲིལ་ཉེར་ཡོད་ཅེས་ཐེངས་མང་བརྗོད་ཡོད།

中央广播电视总台 央广网 版权所有

དབྱི་སི་རལ་ཕྱོགས་ཀྱིས་གནས་ཚུལ་སྤེལ་ནས་དབྱི་སི་རལ་གྱིས་ལི་པ་ནོན་གྱི་སྐྱབས་མགོན་ཏང་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བའི་ཐད་ཨ་རི་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་རེ་བྱེད་ཀྱི་ཡོད་ཅེས་བརྗོད་པ།

མིག་སྔའི་ཁ་ཚ་དགོས་གཏུགས་ནི་ཨ་རི་དང་དབྱི་རན་གྱིས་གང་མགྱོགས་གྲོས་མཐུན་འཇོག་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།