ཨ་རིར་ཟླ་3པར་ཚོང་ཟོག་དང་ཞབས་ཞུའི་ཉོ་ཚོང་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་603ཟིན་ནས་ཟླ་མཚུངས་དང་བསྡུར་ན་ཨ་སྒོར་དུང་ཕྱུར་25འཕར་བ།
2026-05-06 10:58:00 责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ཚོང་དོན་པུའུ་ཡིས་ཚེས་5ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཚོང་ཟོག་ནང་འདྲེན་གྱི་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་སོང་བའི་དབང་གིས་ཨ་རིར་ཟླ་3པར་ཚོང་ཟོག་དང་ཞབས་ཞུའི་ཉོ་ཚོང་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་603ཟིན་ནས་ཟླ་མཚུངས་དང་བསྡུར་ན་ཨ་སྒོར་དུང་ཕྱུར་25འཕར་ཡོད་པ་དང་། འཕར་ཚད་དེ་བརྒྱ་ཆ་4.4ཟིན་ནས་ཟླ་བ་གཉིས་བསྟུད་མར་ཟླ་མཚུངས་ལས་འཕར་ཚད་མང་དུ་ཕྱིན་ཡོད་པ་རེད།
















