ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིས་སྤྱི་ཚེས་23ཉིན་རྒྱལ་དོན་ཁང་དུ་དབྱི་སི་རལ་དང་ལེ་པ་ནོན་དབར་གྱི་རེས་བསྐོར་གཉིས་པའི་གཞུང་ཚབ་ཕོ་ཉ་རིམ་པའི་གྲོས་མོལ་བྱ་རྒྱུ་ཡིན་པ།

2026-04-21 09:48:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་20ཉིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཤེས་རྟོགས་བྱུང་བར།  ཨ་རིས་སྤྱི་ཚེས་23ཉིན་རྒྱལ་དོན་ཁང་དུ་དབྱི་སི་རལ་དང་ལེ་པ་ནོན་དབར་གྱི་རེས་བསྐོར་གཉིས་པའི་གཞུང་ཚབ་ཕོ་ཉ་རིམ་པའི་གྲོས་མོལ་བྱ་རྒྱུ་རེད།  སྤྱི་ཚེས་20ཉིན་གྱི་དགོང་མོ་དབྱི་སི་རལ་རྒྱལ་སྲུང་དམག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་།  དབྱི་སི་རལ་དམག་གིས་ཉིན་དེའི་སྔ་ཙམ་སྐབས་སུ་ལེ་པ་ནོན་ལྷོ་རྒྱུད་དུ་ལེ་པ་ནོན་སྐྱབས་མགོན་ཏང་གི་ཁོངས་མི་མང་པོ་བསད་ཡོད་ཅེས་བརྗོད་འདུག  དབྱི་སི་རལ་དམག་གི་གསལ་བསྒྲགས་ནང་། སྐྱབས་མགོན་ཏང་གི་ཁོངས་མི་དེ་དག་གིས་དམག་མཚམས་འཇོག་པའི་གྲོས་ཆོད་ལས་འགལ་བ་མ་ཟད་དབྱི་སི་རལ་དམག་ལ་འཇིགས་སྣང་བཟོས་པས་ཡིན་ཞེས་བརྗོད་ཡོད། དོན་དེའི་ཐད་ལེ་པ་ནོན་སྐྱབས་མགོན་ཏང་གིས་གནས་སྐབས་ལན་ཆ་བྱས་མེད། 

中央广播电视总台 央广网 版权所有

ཨ་རིས་སྤྱི་ཚེས་23ཉིན་རྒྱལ་དོན་ཁང་དུ་དབྱི་སི་རལ་དང་ལེ་པ་ནོན་དབར་གྱི་རེས་བསྐོར་གཉིས་པའི་གཞུང་ཚབ་ཕོ་ཉ་རིམ་པའི་གྲོས་མོལ་བྱ་རྒྱུ་ཡིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་20ཉིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཤེས་རྟོགས་བྱུང་བར། ཨ་རིས་སྤྱི་ཚེས་23ཉིན་རྒྱལ་དོན་ཁང་དུ་དབྱི་སི་རལ་དང་ལེ་པ་ནོན་དབར་གྱི་རེས་བསྐོར་གཉིས་པའི་གཞུང་ཚབ་ཕོ་ཉ་རིམ་པའི་གྲོས་མོལ་བྱ་རྒྱུ་རེད།