ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་རན་གྱིས་ཡུན་རིང་དམག་འཐབ་རྒྱག་རྒྱུའི་གྲ་སྒྲིག་བྱས་ཟིན་ཟེར།

2026-04-17 17:55:00     责编:卓玛才让
 དབྱི་རན་ཕྱོགས་ཀྱིས་ཚེས་15ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་རན་གྱི་ཆེས་མཐོའི་འགོ་ཁྲིད་པའི་དམག་དོན་བློ་འདྲི་མུའུ་ཧོ་ཞིན་ལེ་བཀྲ་དབྱི་ཡིས།  ཨ་རི་བ་རྒྱུན་སྲིང་དམག་འཐབ་རྒྱག་རྒྱུར་སྐྲག་པས། དབྱི་རན་གྱིས་ཡུན་རིང་དམག་འཐབ་རྒྱག་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཟིན་ཞེས་བརྗོད་འདུག 
ལེ་བཀྲ་དབྱི་ཡིས།  དབྱི་རན་གྱིས་ཨ་རིས་“མཚོ་ཐོག་བཀག་སྡོམ་”ལག་བསྟར་བྱས་པའི་རྐྱེན་གྱིས་གྲོས་མོལ་ཁྲོད་དབྱི་རན་ཕྱོགས་ལ་བཏོན་པའི་ཆ་རྐྱེན་ཁག་10ལ་འོས་མེད་འགྲིག་ཐབས་གཏན་ནས་བྱེད་མི་སྲིད། དབྱི་རན་གྱིས་ཐེངས་འདིར་སྔོན་ཆད་ཀྱི་གྲོས་མོལ་ཉམས་མྱོང་བསྡུ་ལེན་བྱེད་དགོས་པ་དང་། ངེས་པར་དུ་སྔར་བས་གཟབ་ནན་གྱི་སྒོ་ནས་གྲོས་ཆོད་འཆར་ཟིན་འགོད་དགོས་པ་མ་ཟད། དཔལ་འབྱོར་གནད་དོན་ཐད་ལྷག་ཏུ་དོ་སྣང་བྱེད་དགོས་ཞེས་བརྗོད་ཡོད།
ལེ་བཀྲ་དབྱི་ཡིས། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཧོའར་མོ་ཙི་མཚོ་འགག་གི་“ཉེན་རྟོག་པ”བྱེད་རྩིས་ཡོད།   དབྱི་རན་རང་ངོས་ཀྱི་དབང་ཆར་འགན་སྲུང་གང་ལེགས་མ་བྱུང་གོང་།  དབྱི་རན་ཕྱོགས་ཀྱིས་ཧོའར་མོ་ཙི་མཚོ་འགག་གཏན་ནས་འདོར་མི་སྲིད་ཅེས་བརྗོད།
དབྱི་རན་གྱི་ཙུང་ཐུང་གཞོན་པ་དང་པོས། ཨ་རི་ནི་དབྱི་སི་རལ་གྱི་“སྲིད་འཛིན་ཁུལ་བདུན་པ་དེར་”གྱུར་ཟིན་ཞེས་བརྗོད།
ས་གནས་དེ་གའི་དུས་ཚོད་ཚེས་16ཉིན། དབྱི་རན་གྱི་ཙུང་ཐུང་གཞོན་པ་དང་པོ་ཨ་ལེ་ཧྥུའུ་ཡིས་ནང་བློན་ཁང་གི་ཁོངས་མི་མང་པོ་དང་ཐུག་འཕྲད་བྱེད་སྐབས།  དབྱི་རན་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་དམག་འཁྲུག་རྗེས་ཀྱི་སླར་གསོའི་ལས་དོན་ལ་སྐུལ་འདེད་བཏང་ནས།  མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱེད་པ་དང་ཆབས་ཅིག  གདོང་ཐུག་ལས་བྱུང་བའི་གྱོང་གུན་སྣ་ཚོགས་མགྱོགས་མྱུར་ཁ་གསབ་བྱས་ནས། རྒྱལ་ཁབ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།
ཨ་ལེ་ཧྥུའུ་ཡིས་ད་དུང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ལ་“འཐབ་ཇུས་མེད་པ་དང་འཆར་འགོད་མེད་པ”དང་མི་འདྲ་བར།  དབྱི་རན་ལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཁ་གསལ་ཡོད་པ་མ་ཟད།དུས་ཐུང་དང་ཡུན་རིང་འཕེལ་རྒྱས་ཀྱི་འཆར་གཞི་ཡང་བཟོས་ཡོད་ཅེས་བརྗོད་པ་རེད།
ཁོང་གིས་དུས་མཚུངས་སུ། དེང་སྐབས་“ཨ་རི་སྔོན་ལ་འཇོག་དགོས་”ཞེས་པ་འབོད་ཚིག་ཏུ་བཟུང་བའི་ཕོ་བྲང་དཀར་པོའི་འགོ་ཁྲིད་པས་དོན་དངོས་ཐོག་ཨ་རི་དེ་དབྱི་སི་རལ་གྱི་“སྲིད་འཛིན་ཁུལ་བདུན་པ་དེར་”བསྒྱུར་ཡོད་པས།   ཨ་རིའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་རང་བཞིན་མེད་པར་གྱུར་བར་ཡི་མི་རང་ཁོ་ཐག་རེད་ཅེས་བརྗོད་འདུག 
དབྱི་རན་རྒྱལ་ཡོངས་ཀྱི་སློབ་གྲྭ་ཚང་མ་དྲ་ཐོག་སློབ་ཁྲིད་དུ་བསྒྱུར་རྒྱུ།
དབྱི་རན་སློབ་གསོ་པུའུ་ཡི་མགྲིན་ཚབ་པས་ཚེས་16ཉིན། སློབ་གསོ་པུའུ་ཡིས་ཐག་བཅད་པ་ལྟར་ན། ཟླ་བ་འདིའི་ཚེས་21ཉིན་ནས་བཟུང་། དབྱི་རན་རྒྱལ་ཡོངས་ཀྱི་རིམ་ཁག་སློབ་གྲྭ་ཚང་མས་གཅིག་གྱུར་ཐོག་དྲ་ཐོག་སློབ་ཁྲིད་བྱ་རྒྱུ་ཡིན་པ་དང་། བརྡ་ཐོ་གཞན་མ་འབྱོར་བའི་གོང་། སློབ་གྲྭ་ཁག་གིས་གཏན་འབེབས་དེ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 
ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས། རེས་སྐོར་རྗེས་མའི་ཨ་རི་དང་དབྱི་རན་བར་གྱི་གྲོས་མོལ་དུས་ཚོད་ད་དུང་གཏན་ཁེལ་བྱས་མེད་ཅེས་བསྟན།
ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཨན་ཏེ་ལ་པི་ཡིས། རེས་སྐོར་རྗེས་མའི་ཨ་རི་དང་དབྱི་རན་བར་གྱི་གྲོས་མོལ་དུས་ཚོད་གཏན་འཁེལ་བྱས་མེད་ཅེས་བརྗོད།
ཨན་ཏེ་ལ་པི་ཡིས།  ཕ་ཁི་སི་ཐན་གྱིས་ཨ་རི་དང་དབྱི་རན་བར་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད།ཕ་ཁི་སི་ཐན་གྱིས་འབད་བརྩོན་བྱས་པས་ཨ་རི་དང་དབྱི་རན་བར་གྱི་དམག་མཚམས་འཇོག་པའི་གྲོས་མཐུན་ལ་རྒྱལ་ཁའི་ངང་གྲོས་འཆམ་བྱུང་བ་དང་ཆབས་ཅིག ལེ་པ་ནོན་དང་དེ་བཞིན་ས་ཁུལ་དེར་སླར་ཡང་ཞི་བདེ་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད། ཨན་ཏེ་ལ་པིས། ལེ་པ་ནོན་ནི་དམག་མཚམས་འཇོག་པའི་གྲོས་མོལ་གྱི་འཕེལ་རིམ་ཁྲོད་ཀྱི་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད་ཅེས་བརྗོད་འདུག

中央广播电视总台 央广网 版权所有

དབྱི་རན་གྱིས་ཡུན་རིང་དམག་འཐབ་རྒྱག་རྒྱུའི་གྲ་སྒྲིག་བྱས་ཟིན་ཟེར།

དབྱི་རན་ཕྱོགས་ཀྱིས་ཚེས་15ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་རན་གྱི་ཆེས་མཐོའི་འགོ་ཁྲིད་པའི་དམག་དོན་བློ་འདྲི་མུའུ་ཧོ་ཞིན་ལེ་བཀྲ་དབྱི་ཡིས། ཨ་རི་བ་རྒྱུན་སྲིང་དམག་འཐབ་རྒྱག་རྒྱུར་སྐྲག་པས། དབྱི་རན་གྱིས་ཡུན་རིང་དམག་འཐབ་རྒྱག་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཟིན་ཞེས་བརྗོད་འདུག