ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་16ཉིན། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧེ་ཀེ་སེ་སི་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཨ་རིའི་ནོར་སྲིད་པུས་དཔལ་འབྱོར་གྱི་འཁོན་ལན་དྲག་པོ་ཟེར་བའི་བྱ་སྤྱོད་སྤེལ་འགོ་བརྩམས་ནས། དབྱི་རན་ལ་དཔལ་འབྱོར་གྱི་གནོན་ཤུགས་ཆེ་ཤོས་དེ་སྤྲོད་བཞིན་ཡོད་ཅེས་བརྗོད་འདུག ཧེ་ཀེ་སེ་སི་ཡིས། ཨ་རིའི་དམག་གིས་ད་ལྟ་གཞོམ་ཞིག་བྲལ་བའི་བཀག་སྡོམ་ལས་འགན་སྒྲུབ་བཞིན་ཡོད་ཅིང་། ཨ་རིའི་དམག་དཔུང་གིས་དམག་གྲབས་ཨང་གསར་བྱས་ཏེ། དམག་འཐབ་བྱེད་པར་འགྲོ་ཆོག་ཆོག་བྱས་ནས་བསྡད་ཡོད་ཅེས་བརྗོད་འདུག
དེ་མིན། ཧེ་ཀེ་སེ་སི་ཡིས་ད་དུང་། གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པ·ཧ་མེ་ནེ་དབྱིར་རྨས་སྐྱོན་ཕོག་ཡོད་མོད། འོན་ཀྱང་སྔར་བཞིན་གསོན་པོར་གནས་ཡོད་ཅེས་བརྗོད་ཡོད། ཨ་རི་ཕྱོགས་ཀྱིས་ཚེས་16ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཨ་རིའི་དམག་གིས་གསལ་བསྒྲགས་སྤེལ་ཏེ། དབྱི་རིན་ལ་མཚོ་ཐོག་ནས་སྐྱེལ་འདྲེན་བྱེད་པའི་དངོས་རྫས་ལ་བཀག་སྡོམ་བྱེད་པའི་ཁྱབ་ཁོངས་ཆེ་རུ་བཏང་བ་སྟེ། མཚོན་ཆ་དང་། འབར་མདེལ། མ་བཅོས་རྡོ་སྣུམ། ངར་ལྕགས། ཧ་ཡང་རྒྱུ་ཆ་སོགས་དེའི་ཁྲོད་བཅུག་ཡོད་ཅེས་བརྗོད་ཡོད།