ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དམག་འཁྲུག་གིས་འཛམ་གླིང་དཔལ་འབྱོར་ལ་ཤུཌ་རྐྱེན་ངན་པ་ཐེབས་པ།

2026-04-17 16:24:00     责编:卓玛才让

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་(IMF)ཀྱིས་ཚེས་14ཉིན་ཁྱབ་བསྒྲགས་བྱས་པའི་འདོན་ཐེངས་གསར་ཤོས་ཀྱི་《འཛམ་གླིང་དཔལ་འབྱོར་གྱི་སྔོན་དཔག་སྙན་ཞུ་》ཡི་ནང་། ད་ལོར་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་དེ་བརྒྱ་ཆའི་གནས་0.2བཅག་ནས་3.1%བར་དམའ་རུ་བཏང་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་(IMF)ཀྱིས། འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་དམའ་རུ་བཏང་བ་དེས་གཙོ་བོ་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གི་ཕོག་ཐུག་ཐེབས་པ་མཚོན་ཡོད་མོད། འོན་ཀྱང་ཤུགས་རྐྱེན་ངན་པ་ཁག་གཅིག་ཉེ་དུས་ཀྱི་གྲངས་གཞི་ཡག་པོ་དང་སྒོ་ཁྲལ་གྱི་ཁྲལ་ཚད་དམའ་རུ་བཏང་བ་དེས་མགོ་གཏུག་བཏང་ཡོད་ཅེས་བསྟན་ཡོད།

སྙན་ཞུའི་ནང་། དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གི་ཕོག་ཐུག་དེ་ད་ལོའི་ལོ་དཀྱིལ་དུ་ཆུང་དུ་འགྲོ་བའི་གནས་ཚུལ་འོག ད་ལོར་འཛམ་གླིང་གི་དཔལ་འབྱོར་སྔོན་དཔག་3.1%འཕར་རྒྱུ་དང་། དེ་ད་ལོའི་ཟླ་དང་པོའི་སྔོན་དཔག་གྲངས་ཐང་ལས་བརྒྱ་ཆའི་གནས་0.2ཆག་རྒྱུ། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་4.4%བར་འཕར་རྒྱུ་ཡིན་ཞིང་། དེ་2025ལོ་ལས་བརྒྱ་ཆའི་གནས་0.3འཕར་རྒྱུ་རེད། གལ་སྲིད་དམག་འཁྲུག་དང་སྣུམ་རིན་མཐོ་པོ་དུས་ཡུན་དེ་བས་རིང་བ་རྒྱུན་མཐུད་ཚེ། ད་ལོར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་2.5%བར་ཆག་རྒྱུ་དང་། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་5.4%བར་འཕར་རྒྱུ་རེད། ཐལ་དྲགས་པའི་གནས་ཚུལ་འོག ད་ལོར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་2%བར་ཆག་བཟོ་ཡོད་ཅེས་འཁོད་ཡོད། 

སྙན་ཞུའི་ནང་ད་ལོར་ཨ་རི་དང་ཡོ་སྒོར་སྤྱོད་ཁུལ་གྱི་དཔལ་འབྱོར་འཕར་སྣོན་སྔོན་དཔག་ཁག་སོ་སོར་བརྒྱ་ཆའི་གནས་0.1དང་0.2བཅག་ནས་2.3%དང་1.1%བར་དམའ་རུ་གཏོང་རྒྱུ་དང་། གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་གྱི་ད་ལོའི་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་དེ་བརྒྱ་ཆའི་གནས་0.3བཅག་ནས་3.9%བར་དམའ་རུ་གཏོང་རྒྱུ། དབུས་ཤར་གྱི་དམག་འཁྲུག་ས་ཁུལ་དང་གསར་དར་ཁྲོམ་ར། དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་བཅས་ཁྲོད་ཀྱི་ནུས་རྒྱུ་ནང་འདྲེན་བྱེད་རྐྱང་རྒྱལ་ཁབ་ལ་ཤུགས་རྐྱེན་དེ་བས་ཆེ་བ་ཐེབས་རྒྱུ་རེད། དབུས་ཤར་ས་ཁུལ་དང་ཨ་ཤེ་ཡ་དབུས་མའི་ས་ཁུལ་གྱི་ད་ལོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་བརྒྱ་ཆའི་གནས་2བཅག་ནས་1.9%བར་དམའ་རུ་གཏོང་རྒྱུ་རེད། 

སྙན་ཞུའི་ནང་། གལ་སྲིད་སྔོན་དཔག་བྱས་པའི་དུས་ཡུན་རིང་འབྲིང་གི་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་རྒྱུན་མཐུད་ངང་ཤུགས་ཆེར་ཕྱིན་ཚེ། ཟོག་གོང་བརྟན་པོ་སླར་གསོ་བྱ་རྒྱུ་དེ་ངེས་པར་དུ་དུས་ཐུང་གི་དཔལ་འབྱོར་འཕར་སྣོན་གྱི་སྔོན་ལ་ཐག་གཅོད་བྱ་དགོས་པས། དངུལ་ལོར་སྲིད་ཇུས་མགྱོགས་མྱུར་དམ་དུ་གཏོང་དགོས་པའི་ངོས་འཛིན་བྱས་ཡོད། 

སྙན་ཞུའི་ནང་། མ་གཞི་འཛམ་གླིང་གི་དཔལ་འབྱོར་དེ་བས་སྣེ་མང་ཅན་དུ་འགྱུར་སྲིད་མོད། ཆག་ཧྲུག་ཅན་དུ་འགྱུར་བའི་འཕེལ་ཕྱོགས་མི་ཐོན་པ་བྱ་དགོས། རྒྱལ་ཁབ་ཁག་གིས་ཁག་སོ་སོར་བྱེད་ཐབས་སྤྱད་པ་དང་དུས་མཚུངས་སུ། དགྲར་འཛིན་རྣམ་པ་མགྱོགས་མྱུར་ངང་མཚམས་འཇོག་རྒྱུ་དང་ཧོར་མུའུ་ཙི་མཚོ་འགག་བསྐྱར་དུ་སྒོ་འབྱེད་རྒྱུ་ཚུད་པའི་གོ་ལ་ཧྲིལ་པོའི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། ཡང་དག་པའི་སྲིད་ཇུས་གཏན་འབེབས་བྱས་ན་ད་གཟོད་དམག་འཁྲུག་རྐྱེན་གྱིས་དཔལ་འབྱོར་ལ་གཏོར་བཤིག་ཐེབས་ཤུགས་ཆུང་དུ་གཏོང་ཐུབ་སྲིད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

དམག་འཁྲུག་གིས་འཛམ་གླིང་དཔལ་འབྱོར་ལ་ཤུཌ་རྐྱེན་ངན་པ་ཐེབས་པ།

ད་ལོར་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་དེ་བརྒྱ་ཆའི་གནས་0.2བཅག་ནས་3.1%བར་དམའ་རུ་བཏང་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་(IMF)ཀྱིས། འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་དམའ་རུ་བཏང་བ་དེས་གཙོ་བོ་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གི་ཕོག་ཐུག་ཐེབས་པ་མཚོན་ཡོད་མོད། འོ