ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་རན་གྱིས་དབྱི་རག་གི་ཨ་རིའི་དམག་དཔུང་བཅའ་སྡོད་བྱ་ཡུལ་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་དང་། དབྱི་སི་རལ་གྱིས་དབྱི་རན་གྱི་དབྱི་སི་ཧྥ་ཧན་འབར་རྫས་བཟོ་གྲྭ་འབར་གཏོར་བཏང་ཡོད་ཅེས་བཤད་པ།

2026-03-25 10:42:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རན་སྨྱན་སྦྱོར་གྱིས་ཚེས་24ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་“ཁས་ལེན་ངོ་མ་-4བ་”ཞེས་པའི་བྱ་སྤྱོད་ཀྱི་ཕར་རྒོལ་ཐེངས་79པ་བྱས་པ་ཁྱབ་བསྒྲགས་བྱས་ཡོད། 
དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་ཐེངས་འདིའི་བྱ་སྤྱོད་ནང་“མཁར་རྫོང་གཏོར་བཤིག་མཁན་”ཞེས་པ་དང“ཧའེ་པར་”ཞེས་པ། “དབྱི་མ་ཏེ་”ཞེས་པ་སོགས་རིགས་དབྱིབས་ཀྱི་འཕུར་མདེལ་དང་མི་མེད་གནམ་གྲུ་སྤྱད་ནས་དབྱི་སི་རལ་གྱི་འགོག་སྲུང་མ་ལག་མང་པོ་ལས་བརྒལ་ཏེ་ཐེ་ལ་ཝུའེ་ཧྥུའུ་ཡི་བྱང་རྒྱུད་དང་དབུས་རྒྱུད་དུ་གནས་པའི་གསང་འཕྲིན་ལས་ཁུངས་ཀྱི་རྟེན་གཞི་སོགས་ཀྱི་དམིགས་འབེན་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་ཡོད། 
གཞན་ཡང་དབྱི་རན་སྨྱན་སྦྱོར་གྱིས་ཚེས་24ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་རན་དམག་དཔུང་གིས་ཉིན་དེའི་སྔ་དྲོར་འཕུར་མདེལ་སྤྱད་དེ་དབྱི་རག་ཁུའར་ཏེ་རང་སྐྱོང་ཁུལ་གྱི་ཨེར་པི་ལེ་རྒྱལ་སྤྱིའི་གནམ་ཐང་དུ་ཡོད་པའི་ཨ་རིའི་དམག་དཔུང་བཅའ་སྡོད་བྱ་ཡུལ་དང་དེ་བཞིན་དབྱི་སི་རལ་གྱི་རྒྱབ་སྐྱོར་ཐོབ་པའི་“ཁ་ཕྲལ་སྟོབས་ཤུགས་ཀྱི་གནས་གཞི་”ལ་རྡུང་རྡེག་བཏང་ཡོད་པ་རེད། 
གནས་ཚུལ་ནང་དབྱི་རན་དམག་ཕྱོགས་ཀྱི་སྤྱི་བསྒྲགས་ལུང་དུ་དྲངས་ཏེ་བཤད་པ་ལྟར་ན། རྡུང་རྡེག་ཕོག་པའི་ས་ཁོངས་ནི་ཨ་རིའི་དམག་དཔུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རོགས་སྐྱོར་དང་དམག་འཐབ་བཀོད་འདོམས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་། དེར་དམག་དོན་སྒྲིག་ཆས་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པ་དང་། དུས་མཚུངས་དུ་དེ་ནི་དབྱི་རན་གྱི་ནུབ་རྒྱུད་དང་ནུབ་བྱང་རྒྱུད་ཀྱི་མཐའ་མཚམས་བདེ་འཇགས་ལ་གཏོར་བཤིག་གཏོང་བའི་“ཁ་ཕྲལ་སྟོབས་ཤུགས་ཀྱི་གནས་གཞི་”ཡང་ཡིན་པ་རེད།  སྤྱི་བསྒྲགས་ནང་ཐེངས་འདིའི་རྡུང་རྡེག་ཁྲོད་བྱུང་བའི་མི་སྣ་ཤི་རྨས་ཀྱི་གནས་ཚུལ་དང་དེ་བཞིན་གྱོང་གུན་གྱི་གནས་ཚུལ་ཞིབ་ཕྲ་གླེང་མེད་པ་རེད། 
དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་24ཉིན་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་མཁའ་དམག་གིས་ཉིན་དེའི་སྔ་ཐོག་ཏུ་དབྱི་རན་དབྱི་སི་ཧྥ་ཧན་ས་ཁུལ་གྱི་འགག་རྩའི་འབར་རྫས་ཐོན་སྐྱེད་བཟོ་གྲྭ་འབར་གཏོར་བཏང་ཡོད་ཅེས་བཤད་ཡོད། 
གསལ་བསྒྲགས་ནང་ད་དུང་དབྱི་སི་རལ་མཁའ་དམག་གིས་ཉིན་དེར་འབར་མདེལ་120ལྷག་ཙམ་འཕངས་པ་དེ་དག་དབྱི་རན་གྱི་དམིགས་འབེན་མང་པོར་ཕོག་ཡོད་པ་དང་། དེའི་ནང་མདེལ་ལམ་འཕུར་མདེལ་འཕེན་ཡུལ་དང་། གོ་མཚོན་ཐོན་སྐྱེད་སྒྲིག་བཀོད། མཁའ་ཟོན་མ་ལག་བཅས་ཚུད་ཡོད་ཅེས་འརྗོད་ཡོད།
སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཚེས་24ཉིན་ཤེས་རྟོགས་བྱས་པར་གཞིགས་ན། ཨ་རིའི་མཁའ་མཆོང་ཧྲི་ཤོག་82པའི་དཔུང་སྡེ་ཁག་གཅིག་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད། མིག་སྔར་འབྲེལ་ཡོད་བཀའ་རྒྱ་བཟོ་བཞིན་པའི་སྒང་ཡིན་པ་དང་སྔོན་དཔག་བྱས་ན་བཀའ་རྒྱ་འབྱོར་རྗེས་མགྱོགས་མྱུར་རྡོག་ཐོན་བྱ་རྒྱུ་ཡིན་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན།  ཐེངས་འདིའི་བཀོད་གཏོང་ནང་ས་ངོས་དམག་འཐབ་དཔུང་སྡེ་དང་དེ་བཞིན་རྒྱབ་ཕྱོགས་མཁོ་སྒྲུབ་དང་དམག་འཐབ་འཆར་འགོད་ལ་འགན་འཁུར་མཁན་གྱི་བཀོད་འདོམས་ཚན་པ་ཚུད་ཡོད།  མཁའ་མཆོང་ཧྲི་ཤོག་82པར་མི་གྲངས་3000ཙམ་ཟིན་པའི་“འཕྲལ་མར་ལན་ཆ་ཐུབ་པའི་དཔུང་སྡེ་”ཞིག་རྒྱུན་གྲབས་བྱས་ཡོད་པ་དང་། དཔུང་སྡེ་དེ་ཆུ་ཚོད་18ཙམ་ནང་གོ་ལ་ཧྲིལ་པོའི་ས་ཁུལ་གང་རུང་དུ་བཀོད་སྒྲིག་བྱེད་ཆོག་གི་ཡོད་པ་རེད། 
ཚེས་24ཉིན་ཐེ་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་དབྱི་རན་དང་ཨ་མན་དང་གྲོས་མོལ་བྱས་པ་བརྒྱུད། པར་སིག་མཚོ་ཁུག་ཏུ་ཉིན་མང་པོར་ལུས་པའི་ཐེ་ལན་གྱི་སྣུམ་འདྲེན་གྲུ་གཟིངས་ཤིག་བདེ་བླག་ངང་ཧོར་མུའུ་ཙི་མཚོ་འགག་ལས་ཐོན་ཡོད་པ་དང་། སྔོན་དཔག་བྱས་ན་ཟླ་4པའི་ཟླ་འགོར་ཐེ་ལན་དུ་འབྱོར་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད། ཐེ་ལན་དུ་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཁང་གིས་དེ་རྗེས་གསལ་བསྒྲགས་སྤེལ་ཏེ་ཐེངས་འདིར་གྲུ་གཟིངས་འགྲུལ་བཞུད་ཐུབ་པ་དེ་ནི་དབྱི་རན་དང་། ཐེ་ལན། ཨ་མན་བཅས་ཕྱོགས་གསུམ་དབར་མཉམ་ལས་དམ་ཟབ་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་བརྗོད་ཡོད། 
ཕ་ཀི་སི་ཐན་གྱི་ཙུང་ལི་ཞ་པ་ཙིས་ཚེས་24ཉིན་རང་ཉིད་ནས་ཨ་རི་དང་དབྱི་རན་བར་གྱི་གྲོས་མོལ་གཙོ་སྐྱོང་བྱ་རྒྱུར་གྲ་སྒྲིག་བྱས་ཟིན་ཡོད་ཅེས་བརྗོད་ཡོད་པ་དང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཉིན་དེར་ཕ་ཀི་སི་ཐན་གྱི་ཙུང་ལི་ཡིས་བཏོན་པའི་གྲོས་འགོ་བརྒྱུད་སྤེལ་བྱས་ཏེ། ཕ་ཀི་སི་ཐན་ཕྱོགས་ཀྱིས་ཨ་རི་དང་དབྱི་རན་བར་གྱི་གྲོས་མོལ་གཙོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

中央广播电视总台 央广网 版权所有

དབྱི་རན་གྱིས་དབྱི་རག་གི་ཨ་རིའི་དམག་དཔུང་བཅའ་སྡོད་བྱ་ཡུལ་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་དང་། དབྱི་སི་རལ་གྱིས་དབྱི་རན་གྱི་དབྱི་སི་ཧྥ་ཧན་འབར་རྫས་བཟོ་གྲྭ་འབར་གཏོར་བཏང་ཡོད་ཅེས་བཤད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རན་སྨྱན་སྦྱོར་གྱིས་ཚེས་24ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་“ཁས་ལེན་ངོ་མ་-4བ་”ཞེས་པའི་བྱ་སྤྱོད་ཀྱི་ཕར་རྒོལ་ཐེངས་79པ་བྱས་པ་ཁྱབ་བསྒྲགས་བྱས་ཡོད།