ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་དམག་དཔུང་གིས་མང་ཚོགས་གནས་སའི་ས་ཚིགས་གཉིས་གསར་དུ་ཚོད་འཛིན་བྱས་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་ཨ་རི་དང་ཡོ་རོབ་བར་ཡུག་རེན་དུ་ཨ་རིའི་དམག་དཔུང་མངགས་གཏོང་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཅེས་བརྗོད་པ།

2025-12-31 10:37:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་12ཚེས་30ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་དམག་འཐབ་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ནང་། འདས་ཟིན་པའི་ཆུ་ཚོད་24ཡི་རིང་། ཨུ་རུ་སུའི་དམག་དཔུང་གིས་ཧའར་ཁོ་ཧྥུ་ས་ཁུལ་དང་ཀྲ་པོ་ལོ་རེ་ས་ཁུལ་གྱི་གཏན་སྡོད་ས་ཚིགས་གཉིས་ཚོད་འཛིན་བྱས་ཡོད་ཅེས་བརྗོད་ཡོད། ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཚེས་30ཉིན་ཡུག་རེན་དམག་དཔུང་གིས་ནན་སི་ལོ་པོ་རན་སི་ཁེ་དང་པོ་ཁེ་ལུའོ་ཧྥུའུ་སི་ཁེ་སོགས་ཕྱོགས་མང་པོ་ནས་ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཕྱིར་ལོག་བཏང་ཡོད་ཅེས་བརྗོད་ཡོད། 
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས་30ཉིན་ཁྱབ་བསྒྲགས་བྱས་པའི་པར་རིས་ལས་མངོན་པར། “ཀྲེན་ཧྲུའུ་”རྟགས་ཅན་གྱི་འཕུར་མདེལ་སྒྲིག་སྦྱོར་བྱས་པའི་དཔུང་སྡེ་ཞིག་གིས་བྷེ་ཨུ་རུ་སུར་ལས་འགན་སྒྲུབ་བཞིན་ཡོད་པ་རེད། ཚེས་30ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཨ་རི་དང་ཡུག་རེན་གྱི་གྲོས་མོལ་ལམ་ལྷོངས་མ་བྱུང་བའི་བཤད་ཚུལ་ཁས་ལེན་བྱས་མེད་པ་དང་། ཙེ་ལན་སི་ཅིས་ཞི་བདེའི་འཕེལ་རིམ་ཐད་ཀྱི་འབྲེལ་ཡོད་ཡིག་ཆ་ཁག་གཅིག་ལ་2026ལོའི་ཟླ་1པོར་མིང་རྟགས་འགོད་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་བརྗོད་ཡོད། 

འཛམ་གླིང་སྐར་ཁུངས།

▶ལུའུ་ཧྥུ་ཕོ་བྲང་གི་ཅ་དངོས་རྐུ་མཁན་ཉེས་བསཌ་དོཌ་ཡོད་པ་2བཟུང་འདུག

ཟླ་10ཚེས་19ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡས་མས་སུ། ལུའུ་ཧྥུ་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་ལ་རྐུ་ཤོར་བའི་དོན་རྐྱེན་ཐོན་པ་དང་། ངོ་གདོང་བཀབ་པའི་མི་ཁ་ཤས་ཀྱིས་སྐར་མ་ཁ་ཤས་ནང་ནཱ་ཕོ་ལུན་དུས་སྐབས་ཀྱི་མགུལ་རྒྱན་དང་།

中央广播电视总台 央广网 版权所有

ཨུ་རུ་སུའི་དམག་དཔུང་གིས་མང་ཚོགས་གནས་སའི་ས་ཚིགས་གཉིས་གསར་དུ་ཚོད་འཛིན་བྱས་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་ཨ་རི་དང་ཡོ་རོབ་བར་ཡུག་རེན་དུ་ཨ་རིའི་དམག་དཔུང་མངགས་གཏོང་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཅེས་བརྗོད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་12ཚེས་30ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་དམག་འཐབ་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ནང་། འདས་ཟིན་པའི་ཆུ་ཚོད་24ཡི་རིང་།