འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་མི་སྣས་ཀའོ་ཧྲི་ཙའོ་མེའོ་ཡིས་སྤེལ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་ཀྱིས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་སློང་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་འཇིགས་སྣང་སྐུལ་བཞིན་ཡོད་པ་དང་། དམག་རྒྱལ་རིང་ལུགས་གནས་ས་གང་ཡང་མེད་ཅེས་བརྗོད་ཡོད།
དབྱི་རན་གྱི་ཆབ་སྲིད་དབྱེ་ཞིབ་པ་ཧོའུ་སའེ་དབྱིན་·ཀ་ཏེ་ལིས་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་ཕྱི་འབྲེལ་སྲིད་ཇུས་ཐད་ནོར་འཁྲུལ་ཚབས་ཆེན་ཤོར་བ་དང་། ཁོང་མོའི་འཁྲུག་སློང་རང་བཞིན་གྱི་ནོར་འཁྲུལ་གཏམ་བརྗོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་ཚབས་ཆེན་འགལ་ཡོད། གལ་སྲིད་ཁོང་མོས་རང་འདོད་ཨུ་ཚུགས་བྱས་ཚེ་ལྗར་པན་ཁེར་རྐྱང་དུ་ལུས་སྲིད་ཅེས་བསྟན་ཡོད།
ཐན་ཙན་ཉི་ཡའི་སྨྱན་སྦྱོར་མི་སྣ་མུའུ་པ་ལིས་ཀའོ་ཧྲི་ཙའོ་མིའོ་ཡི་འཁྲུག་སློང་རང་བཞིན་གྱི་གཏམ་བརྗོད་དེ་ལྗར་པན་གྱི་དམག་འཁྲུག་རྗེས་ཀྱི་ཁས་ལེན་དང་རྒྱབ་འགལ་བྱས་ཡོད་ལ། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གཞི་འཛིན་སར་གྱུར་བའི་ཆབ་སྲིད་ཡིག་ཆ་དང་ཡང་རྒྱབ་འགལ་བྱས་ཡོད། ཁོང་མོས་མངོན་སུམ་འཛེམ་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱབ་འགལ་བྱས་པ་མ་ཟད། རྩ་དོན་དེ་ནི་སྔ་ས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཡིན་ཞེས་བརྗོད་ཡོད།