ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ལྗར་པན་མང་ཚོགས་ཀྱིས་སླར་ཡང་རྒོལ་གཏམ་གཏོང་བའི་འདུ་འཛོམས་བྱས་ནས་མཚོན་ཆ་ཕྱིར་གཏོང་བྱེད་པར་ངོ་རྒོལ་དང་། ཀའོ་ཧྲི་ཙའོ་མེའོ་ཡི་ནོར་འཁྲུལ་གཏམ་བརྗོད་ལ་རྒོལ་གཏམ་བཏང་བ།

2025-12-26 15:15:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ལྗར་པན་མང་ཚོགས་ཀྱིས་ཚེས་25ཉིན་གྱི་ཕྱི་དྲོ་ཐོ་ཁེའོ་རུ་ཡོད་པའི་རང་དབང་དམངས་གཙོ་ཏང་གི་སྤྱི་ཁྱབ་པུའུ་དང་དེ་བཞིན་རྒྱལ་ཚོགས་ཀྱི་མདུན་དུ་རང་འགུལ་ངང་འདུ་འཛོམས་བྱས་ནས། ལྗར་པན་གྱིས་མཚོན་ཆ་ཕྱིར་གཏོང་བྱེད་པར་ངོ་རྒོལ་བྱས་ཡོད། 
ས་ཡུལ་དངོས་སུ། འདུ་འཛོམས་བྱེད་མཁན་མང་ཚོགས་ཚོས་ལག་ཏུ་ཁྱེར་བའི་སྦྱར་ཡིག་ཐོག་ཁག་གཅིག་གིས“ལྗར་པན་གྱི་རྩ་ཁྲིམས་ཀྱི་དོན་ཚན་དགུ་པ་གཞིར་བཟུང་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་དགོས”ཞེས་བྲིས་ཡོད་པ་དང་། ཁག་གཅིག་གིས“མཚོན་ཆ་ཕྱིར་གཏོང་བྱ་རྒྱུ་གཏན་འགོག་ནན་པོ་བྱ་དགོས”ཞེས་བྲིས་ཡོད་པ། ཡང་ཁག་གཅིག་གིས“མཚོན་ཆ་ཕྱིར་འཚོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོང་པར་མི་འགྱུར་བ་བྱེད་དགོས”ཞེས་བྲིས་ཡོད་པ་དེ་ཡར་བཀྱགས་ནས། ཉེ་ཆར་ལྗར་པན་གྱིས་དམག་དཔུང་རྒྱ་བསྐྱེད་གཏོང་བའི་ཧམ་སེམས་མངོན་པར་སེམས་ཁྲལ་དང་ཡིད་མི་རང་བའི་བསམ་པ་མཚོན་པར་བྱས་ཡོད། 
འདུ་འཛོམས་ནང་ཞུགས་མཁན་གྱིས་ས་ཡུལ་དངོས་སུ་སྐད་ཆེན་པོས་“ངེས་པར་དུ་ཕྱོགས་ཡོངས་ནས་མཚོན་ཆ་ཕྱིར་གཏོང་བྱ་རྒྱུ་གཏན་འགོག་བྱེད་དགོས”“ཀའོ་ཧྲེ་ནང་བློན། འཕྲལ་དུ་སྲིད་སྟེགས་ནས་འབབ་དགོས”ཞེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད།
འདུ་འཛོམས་ནང་ཞུགས་མཁན་བུད་མེད་ཅིག་གིས“ངའི་བསམ་པར་ང་ཚོའི་རྒྱལ་ཁབ་‘མཚོན་ཆ་ཚོང་མཁན་གྱི་ཚོང་པར’གཏན་ནས་འགྱུར་མི་རུང་། མིག་སྔར་ལྗར་པན་རྒྱལ་ནང་དུ་ཁེ་ལས་ཁག་གཅིག་གིས་མཚོན་ཆ་དང་འབྲེལ་བ་ཡོད་པའི་ཐོན་ལས་གཉེར་བཞིན་ཡོད་པས། རྒྱལ་ཁབ་ཀྱིས་དེ་བཀག་འགོག་མི་བྱེད་པ་མ་ཟད། དེ་ལས་ལྡོག་སྟེ་དེར་སྐུལ་འདེད་བཏང་སྟེ། གང་དེས་དཔལ་འབྱོར་དར་རྒྱས་གཏོང་རྩིས་བྱེད་ཀྱི་ཡོད། ངའི་བལྟས་ན་དེ་ནི་དངོས་གནས་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད”ཅེས་བརྗོད་ཡོད། 
འདུ་འཛོམས་ནང་ཞུགས་མཁན་ཚོས་ཉེ་ཆར་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས་ནོར་འཁྲུལ་གྱི་གཏམ་བརྗོད་སྤེལ་བར་སེམས་ཁྲལ་བྱེད་ཀྱི་ཡོད། 
འདུ་འཛོམས་ནང་ཞུགས་མཁན་ཞིག་གིས“ལྗར་པན་གྱིས་ཐའེ་ཝན་ནི་རྒྱལ་ཁབ་ཅིག་ཡིན་པ་གཏན་ནས་ཁས་ལེན་བྱེད་མྱོང་མེད་ལ། 《ཀྲུང་ལྗར་གྱི་ཞི་བའི་མཛའ་གྲོགས་ཆིངས་ཡིག》དང་《ཀྲུང་ལྗར་གྱི་མཉམ་འབྲེལ་གསལ་བསྒྲགས》《པོ་ཚི་ཐན་སྤྱི་བསྒྲགས་》བཅས་ལ་བརྩི་འཇོག་བྱེད་ཀྱི་ཡོད་མོད། འོན་ཀྱང་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས་ནང་དོན་དེ་དག་ལ་རྩ་བ་ནས་གོ་བ་ལེན་ཐུབ་མེད་པས། ང་ཚོ་སེམས་ཁྲལ་འདུག དེ་ནི་མིག་སྔའི་དུས་བབ་རྦད་དེ་ཟང་ཟིང་བཟོ་བ་ཞིག་ཡིན་ལ། རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་ལྗར་པན་གྱི་རང་ངོས་གནས་ངེས་ལ་གཏོར་བཤིག་བཏང་བ་ཞིག་ཀྱང་ཡིན”ཞེས་བརྗོད་ཡོད། 
འདུ་འཛོམས་ནང་ཞུགས་མཁན་གཞན་ཞིག་གིས“ད་ལྟ་མི་ཁག་གཅིག་གིས‘ཉིང་རྡུལ་མཚོན་ཆ་དབང་བ་བྱ་དགོས’ཞེས་པའི་སྐད་ཆ་བཤད་ཀྱི་ཡོད་མོད། དོན་དངོས་ཐོག་འདས་ཟིན་པའི་ལོ་ཉི་ཤུ་སུམ་ཅུའི་ནང་། འབྲེལ་ཡོད་གྲོས་བསྡུར་གྱི་ཚད་གཞི་རིམ་བཞིན་ལྷུག་ཏུ་འགྲོ་བཞིན་ཡོད། ཀའོ་ཧྲི་ཙའོ་མེའོ་ཡིས་གཏམ་བཤད་དེ་དག་སྤེལ་འགོ་ཚུགས་པ་ནས་བཟུང་། དུས་བབ་ཛ་དྲག་ཏུ་ཕྱིན་ཡོད། རྒྱལ་ཚོགས་ཀྱི་གྲོས་མི་ཙམ་མ་ཟད། ལྗར་པན་རྒྱལ་དམངས་ཀྱིས་ཀྱང་དོན་དེར་ངོས་འཛིན་དང་བསམ་གཞིག་གཏིང་ཟབ་བྱ་རྒྱུ་བྱུང་མེད་པས། དེའི་ཐད་ང་རང་སེམས་ཁྲལ་ཆེན་པོ་འདུག”ཅེས་བརྗོད་ཡོད། 
ཉེ་ཆར་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ལས་ཤག་གི་མཐོ་རིམ་དཔོན་རིགས་ཀྱིས་ཉིང་རྡུལ་མཚོན་ཆ་དབང་བ་བྱ་དགོས་པའི་གཏམ་བརྗོད་སྤེལ་བ་དེས། ལྗར་པན་རྒྱལ་ཁབ་ཕྱི་ནང་དུ་གཡོ་འགུལ་ཐེབས་པ་དང་། ལྗར་པན་གྱི་དེ་སྔའི་སྲིད་དོན་མི་སྣ། སྲིད་དབང་འཛིན་མཁན་དང་སྲིད་དབང་མི་འཛིན་མཁན་གྱི་ཏང་། ས་གནས་ཁག དམངས་ཁྲོད་རྩ་འཛུགས་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྐྱོན་བརྗོད་བྱས་ཤིང་། མཐའ་འཁོར་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་དེར་ངོ་རྒོལ་དྲག་པོ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དབུ་བཞུགས་བློན་ཆེན་ལས་ཤག་གི་འབྲེལ་ཡོད་མི་སྣས་ཟུར་གསལ་བྱས་པར། གཏམ་བརྗོད་དེ་སྤེལ་བ་ནི་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ལ་དགའ་ཉེ་བསྟེན་མཁན། དབུ་བཞུགས་བློན་ཆེན་གྱི་ལས་རོགས་དཔོན་ཝེ་ཧྲང་ཏིང་ཀྲེང་ཡིན་ཞིང་། མི་དེ་ནི་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་བྱེད་པ་དང་ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་གཏོང་བའི་བྱ་དོན་གྱི་འགན་འཁུར་མཁན་ཞིག་ཡིན། ཝེ་ཧྲང་ཏིང་ཀྲེང་དང་ཀའོ་ཧྲི་ཙའོ་མེའོ་ཡི་འབྲེལ་བ་ཟབ་མོ་ཡོད་པས། དེའི་འགན་འཁྲི་བདའ་འདེད་བཏང་མེད་པ་རེད། 

འཛམ་གླིང་སྐར་ཁུངས།

▶ལུའུ་ཧྥུ་ཕོ་བྲང་གི་ཅ་དངོས་རྐུ་མཁན་ཉེས་བསཌ་དོཌ་ཡོད་པ་2བཟུང་འདུག

ཟླ་10ཚེས་19ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡས་མས་སུ། ལུའུ་ཧྥུ་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་ལ་རྐུ་ཤོར་བའི་དོན་རྐྱེན་ཐོན་པ་དང་། ངོ་གདོང་བཀབ་པའི་མི་ཁ་ཤས་ཀྱིས་སྐར་མ་ཁ་ཤས་ནང་ནཱ་ཕོ་ལུན་དུས་སྐབས་ཀྱི་མགུལ་རྒྱན་དང་།

中央广播电视总台 央广网 版权所有

ལྗར་པན་མང་ཚོགས་ཀྱིས་སླར་ཡང་རྒོལ་གཏམ་གཏོང་བའི་འདུ་འཛོམས་བྱས་ནས་མཚོན་ཆ་ཕྱིར་གཏོང་བྱེད་པར་ངོ་རྒོལ་དང་། ཀའོ་ཧྲི་ཙའོ་མེའོ་ཡི་ནོར་འཁྲུལ་གཏམ་བརྗོད་ལ་རྒོལ་གཏམ་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ལྗར་པན་མང་ཚོགས་ཀྱིས་ཚེས་25ཉིན་གྱི་ཕྱི་དྲོ་ཐོ་ཁེའོ་རུ་ཡོད་པའི་རང་དབང་དམངས་གཙོ་ཏང་གི་སྤྱི་ཁྱབ་པུའུ་དང་དེ་བཞིན་རྒྱལ་ཚོགས་ཀྱི་མདུན་དུ་རང་འགུལ་ངང་འདུ་འཛོམས་བྱས་ནས།