ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་ཕྱོགས་ཀྱིས་གཡུལ་སའི་རང་འགུལ་དབང་ཆ་བཟུང་ཡོད་ཅེས་བརྗོད་པ་དང་ཡུག་རེན་ཨའོ་ཏེ་ས་མངའ་སྡེས་རྒྱལ་ཁབ་རིམ་པའི་ཛ་དྲག་རྣམ་པ་ལག་བསྟར་བྱེད་འགོ་ཚུགས་པ།

2025-12-18 17:17:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་17ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་རྒྱས་འཛོམས་གྲོས་ཚོགས་ཐོག་ཨུ་རུ་སུའི་དམག་དཔུང་གིས་མིག་སྔར་ཨུ་ཡུག་གདོང་ཐུག་གི་གཡུལ་ས་ཧྲིལ་པོར་རང་འགུལ་དབང་ཆ་བཟུང་ཡོད་ཅེས་བརྗོད་ཡོད།
ཕུའུ་ཅིང་གིས་2025ལོར་ཨུ་རུ་སུའི་དམག་དཔུང་གིས་དམིགས་བསལ་དམག་དོན་བྱ་སྤྱོད་སྤེལ་བའི་ས་ཁོངས་སུ་ཡུལ་མིའི་སྡོད་གནས་300ལྷག་ཚོད་འཛིན་བྱས་ཡོད་ཅེས་དང་། ཁོང་གིས་ད་དུང་ཨུ་རུ་སུ་ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་དམིགས་འབེན་འགྲུབ་ཐབས་བྱེད་པར་དེ་བས་མོས་མཐུན་ཡོད་མོད། འོན་ཀྱང་དམག་དོན་གྱི་བྱེད་ཐབས་ལ་བརྟེན་ནས་ལོ་རྒྱུས་ཀྱི་མངའ་ཁོངས་ཚོད་འཛིན་བྱེད་པའི་གྲ་སྒྲིག་ཀྱང་ཡག་པོ་བྱས་ཡོད་ཅེས་བརྗོད་ཡོད། 
སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཚེས་17ཉིན་ཤེས་རྟོགས་བྱུང་བར། སྔོན་དཔག་ལྟར་ན་ཨ་རི་དང་ཨུ་རུ་སུའི་དཔོན་རིགས་ཀྱིས་གཟའ་འཁོར་འདིའི་གཟའ་མཇུག་ཏུ་ཨ་རིའི་མའེ་ཨ་མེ་རུ་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་།  འབྲེལ་ཡོད་འཆར་གཞི་ད་དུང་བཟོ་བཞིན་པའི་སྒང་ཡིན་པ་རེད།
ཡུག་རེན་ཨའོ་ཏེ་ས་མངའ་སྡེའི་འགོ་འཛིན་གྱིས་ཚེས་17ཉིན་མངའ་སྡེ་དེའི་ནུས་རྒྱུའི་སྒྲིག་བཀོད་ལ་ཨུ་རུ་སུའི་གཞི་ཁྱོན་ཆེ་བའི་འཇབ་རྒོལ་ཕོག་པའི་རྐྱེན་གྱིས་རྒྱལ་ཁབ་རིམ་པའི་ཛ་དྲག་རྣམ་པ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། འབྲེལ་ཡོད་གྲོས་ཆོད་ལ་མངའ་སྡེའི་གྲོས་ཚོགས་ཁང་དུ་གྲོས་འཆམ་བྱུང་བ་ཁྱབ་བསྒྲགས་བྱས་ཡོད། 
ཡོ་རོབ་གྲོས་ཚོགས་ཀྱིས་ཚེས་17ཉིན་འདེམས་ཤོག་འཕངས་ནས་ཁྲིམས་གཞི་ཞིག་ལ་གྲོས་འཆམ་བྱུང་ནས། ཡོ་རོབ་མནའ་འབྲེལ་གྱིས་2027ལོའི་ལོ་མཇུག་གོང་རིམ་བཞིན་ཨུ་རུ་སུའི་རང་བྱུང་རླངས་ནང་འདྲེན་བྱེད་མཚམས་འཇོག་རྒྱུའི་འཆར་གཞིར་ཆོག་མཆན་སྤྲད་ཡོད།  ཁྲིམས་གཞི་དེར་2026ལོའི་ལོ་འགོར་ནུས་པ་ཐོན་ཚེ།  ལག་ཡོད་ཚོང་ཟོག་ཁྲོམ་རའི་ཨུ་རུ་སུའི་གཤེར་འགྱུར་རང་བྱུང་རླངས་ཡོ་རོབ་མནའ་འབྲེལ་དུ་འཚོང་མི་ཆོག་པ་བྱེད་སྲིད་པ་དང་། གསོག་འཇོག་འདང་ངེས་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྦུག་ལམ་རང་བྱུང་རླངས་2027ལོའི་ཟླ་9ཚེས་30ཉིན་གྱི་གོང་དུ་རིམ་བཞིན་ནང་འདྲེན་བྱེད་མཚམས་འཇོག་རྒྱུ་ཡིན་ཞིང་། མཚམས་འཇོག་པའི་དུས་ཚོད་འཕྱི་ཤོས་2027ལོའི་ཟླ་11ཚེས་1ཉིན་ལས་འཕྱི་མི་རུང་བ་རེད།
དབྱི་ཐ་ལིའི་ཙུང་ལི་མེ་ལོ་ཉི་ཚེས་17ཉིན་གྲོས་ཚོགས་ཐོག་ཡོ་རོབ་གླིང་གི་རྒྱལ་ཁབ་མང་པོས་དམག་དཔུང་བཙུགས་ན་ཡང་། དབྱི་ཐ་ལིས་ཡུག་རེན་ལ་དམག་མི་གཏོང་མི་སྲིད་ཅེས་བསྐྱར་བསྒྲགས་བྱས་ཡོད། ཁོང་མོས་མུ་མཐུད་དུ་ཡུག་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། དེའི་རྒྱུ་མཚན་ནི་ཡུག་རེན་ཐོར་ཞིག་ཏུ་སོང་ན། ཡོ་རོབ་གླིང་གི་བདེ་འཇགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་ཅེས་བརྗོད་ཡོད།  མེ་ལོ་ཉི་ཡིས་ད་དུང་བཀག་འཇོག་བྱས་པའི་ཨུ་རུ་སུའི་རྒྱུ་ནོར་གཟབ་ནན་ངང་བེད་སྤྱོད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
ཧང་ཀ་རིའི་ཙུང་ལི་ཨོའུ་ཨེར་པན་གྱིས་ཚེས་17ཉིན་བཀག་འཇོག་བྱས་པའི་ཨུ་རུ་སུའི་རྒྱུ་ནོར་སྤྱད་དེ་ཡུག་རེན་ལ་རོགས་སྐྱོར་བྱེད་པའི་དོན་དེ་ཚེས་18ཉིན་གྱི་ཡོ་རོབ་མནའ་འབྲེལ་དབུ་ཚོགས་ཀྱི་གྲོས་རིམ་ནང་འཇོག་མི་སྲིད་ཅེས་བརྗོད་ཡོད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དེའི་ཐད་ད་དུང་རྣམ་འགྱུར་ཅི་ཡང་བསྟན་མེད།

འཛམ་གླིང་སྐར་ཁུངས།

▶ལུའུ་ཧྥུ་ཕོ་བྲང་གི་ཅ་དངོས་རྐུ་མཁན་ཉེས་བསཌ་དོཌ་ཡོད་པ་2བཟུང་འདུག

ཟླ་10ཚེས་19ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡས་མས་སུ། ལུའུ་ཧྥུ་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་ལ་རྐུ་ཤོར་བའི་དོན་རྐྱེན་ཐོན་པ་དང་། ངོ་གདོང་བཀབ་པའི་མི་ཁ་ཤས་ཀྱིས་སྐར་མ་ཁ་ཤས་ནང་ནཱ་ཕོ་ལུན་དུས་སྐབས་ཀྱི་མགུལ་རྒྱན་དང་།

中央广播电视总台 央广网 版权所有

ཨུ་རུ་སུའི་ཕྱོགས་ཀྱིས་གཡུལ་སའི་རང་འགུལ་དབང་ཆ་བཟུང་ཡོད་ཅེས་བརྗོད་པ་དང་ཡུག་རེན་ཨའོ་ཏེ་ས་མངའ་སྡེས་རྒྱལ་ཁབ་རིམ་པའི་ཛ་དྲག་རྣམ་པ་ལག་བསྟར་བྱེད་འགོ་ཚུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་17ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་རྒྱས་འཛོམས་གྲོས་ཚོགས་ཐོག་ཨུ་རུ་སུའི་དམག་དཔུང་གིས་མིག་སྔར་ཨུ་ཡུག་གདོང་ཐུག་གི་གཡུལ་ས་ཧྲིལ་པོར་རང་འགུལ་དབང་ཆ་བཟུང་ཡོད་ཅེས་བརྗོད་ཡོད།