ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་དམག་གིས་ཡུལ་མི་སྡོད་གནས་ཤིག་གསར་དུ་ཚོད་འཛིན་བྱས་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་མི་མེད་ཆུར་འཛུལ་ཡོ་བྱད་སྤྱད་དེ་ཨུ་རུ་སུའི་ཆུར་འཛུལ་དམག་གྲུར་རྡུང་རྡེག་བཏང་བ་ཞེས་བརྗོད་པ། ཡུག་རེན་དང་ཨ་རིའི་པེར་ལིན་གྱི་གྲོས་མོལ་ལ་ཕན་འབྲས་ཆེན་པོ་ཐོན་པ།

2025-12-16 15:14:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་15ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་དམག་འཐབ་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་འདས་ཟིན་པའི་ཆུ་ཚོད་24ནང་ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་དམག་དཔུང་གིས་ནུབ་ཕྱོགས་ཀྱི་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་སྒྲིག་ཆས་དང་། རྫས་མདེལ། འབར་རྫས་མཛོད་སོགས་ས་ཁོངས་167ལ་རྡུང་རྡེག་བཏང་ཡོད་ཅེས་དང་། གཞན་ཡང་ཨུ་རུ་སུའི་དམག་དཔུང་གིས་ཏི་ཉེ་པོ་ལུའོ་པི་ཏེ་ལུའོ་ཧྥུ་སི་ཁེ་མངའ་སྡེའི་ཡུལ་མི་སྡོད་གནས་ཤིག་ཚོད་འཛིན་བྱས་ཡོད་ཅེས་འཁོད་ཡོད་པ་རེད། 
སྤྱི་ཚེས་15ཉིན་ཡུག་རེན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས། ཡུག་རེན་ཕྱོགས་ཀྱིས་ཨུ་རུ་སུའི་ཤིན་ལུའོ་ཞི་སི་ཁེ་གྲུ་ཁར་མཉམ་འབྲེལ་དམིགས་བསལ་དམག་འཐབ་བྱ་སྤྱོད་སྤེལ་ནས་མི་མེད་ཆུར་འཛུལ་ཡོ་བྱད་སྤྱད་དེ་གྲུ་ཁར་སྡོད་པའི་ཆུར་འཛུལ་དམག་གྲུ་ཞིག་ལ་རྡུང་རྡེག་བཏང་བ་རེད། ཉིན་དེར་ཨུ་རུ་སུའི་མཚོ་ནག་དམག་གྲུ་རུ་ཁག་གིས་ཡུག་རེན་གྱིས་མི་མེད་ཆུ་འཛུལ་ཡོ་བྱད་སྤྱད་དེ་མཚོ་ནག་གི་ཤིན་ལུའོ་ཞི་སི་ཁེ་གྲུ་ཁར་གནས་པའི་ཨུ་རུ་སུའི་མཚོ་དམག་རྟེན་གཞིར་འཇབ་རྒོལ་བྱེད་རྩིས་བྱས་མོད། འོན་ཀྱང་དམིགས་འབེན་གང་ཡང་འགྲུབ་མ་ཐུབ་པ་དང་འཇབ་རྒོལ་གྱིས་དམག་གྲུའམ་ཡང་ན་ཆུར་འཛུར་དམག་གྲུ་གང་ལའང་གཏོར་སྐྱོན་ཐེབས་མེད་ཅེས་ར་སྤྲོད་བྱས་པ་རེད། 
སྤྱི་ཚེས་15ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཉེ་བའི་ཉིན་གཉིས་རིང་ཡུག་རེན་དང་ཨ་རིས་པེར་ལིན་དུ་འཚོགས་པའི་གྲོས་མོལ་ལ་ཕན་འབྲས་ཆེན་པོ་ཐོན་ནས་མུ་མཐུད་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དམག་འཁྲུག་མཇུག་འགྲིལ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཨ་རི་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཨ་རི་དང་ཡུག་རེན་བར་འགག་རྩའི་གྲོས་གཞི་མང་པོའི་ཐད་ཐུན་མོང་ངོས་འཛིན་རགས་ཙམ་ཆགས་ཡོད་ཅེས་བསྟན་པ་རེད། 

འཛམ་གླིང་སྐར་ཁུངས།

▶ལུའུ་ཧྥུ་ཕོ་བྲང་གི་ཅ་དངོས་རྐུ་མཁན་ཉེས་བསཌ་དོཌ་ཡོད་པ་2བཟུང་འདུག

ཟླ་10ཚེས་19ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡས་མས་སུ། ལུའུ་ཧྥུ་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་ལ་རྐུ་ཤོར་བའི་དོན་རྐྱེན་ཐོན་པ་དང་། ངོ་གདོང་བཀབ་པའི་མི་ཁ་ཤས་ཀྱིས་སྐར་མ་ཁ་ཤས་ནང་ནཱ་ཕོ་ལུན་དུས་སྐབས་ཀྱི་མགུལ་རྒྱན་དང་།

中央广播电视总台 央广网 版权所有

ཨུ་རུ་སུའི་དམག་གིས་ཡུལ་མི་སྡོད་གནས་ཤིག་གསར་དུ་ཚོད་འཛིན་བྱས་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་མི་མེད་ཆུར་འཛུལ་ཡོ་བྱད་སྤྱད་དེ་ཨུ་རུ་སུའི་ཆུར་འཛུལ་དམག་གྲུར་རྡུང་རྡེག་བཏང་བ་ཞེས་བརྗོད་པ། ཡུག་རེན་དང་ཨ་རིའི་པེར་ལིན་གྱི་གྲོས་མོལ་ལ་ཕན་འབྲས་ཆེན་པོ་ཐོན་པ།

སྤྱི་ཚེས་15ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་དམག་འཐབ་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་འདས་ཟིན་པའི་ཆུ་ཚོད་24ནང་ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་དམག་དཔུང་གིས་ནུབ་ཕྱོགས་ཀྱི་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་སྒྲིག་ཆས་དང་།