ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུ་དང་ཡུག་རེན་ཕྱོགས་སོ་སོས་སྤེལ་བའི་གནས་ཚུལ་གསར་པ།

2025-12-04 15:43:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་ཚེས་3ཉིན་ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་གཏིང་ཟབ་ཅིང་ཕན་འབྲས་ལྡན་པའི་གྲོས་མོལ་ཞིག་བྱས་ཡོད་ཅེས་བརྗོད་ཡོད་པ་དང་།  ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་ཝུའུ་ཧྲ་ཁོ་ཧྥུའུ་ཡིས་ཉིན་དེར་ཕུའུ་ཅིང་དང་ཨ་རིའི་དབུས་ཤར་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐེ་ཁོ་ཧྥུའུ་གཉིས་ཀྱིས་གྲོས་མོལ་བྱེད་སྐབས། ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་པའི་ལྟེ་བའི་གནད་དོན་དེར་དམིགས་ནས་གྲོས་བསྡུར་བྱས་ཡོད།  ཨུ་རུ་སུས་ཡོ་རོབ་དང་འབྲེལ་འདྲིས་བྱེད་པར་རྣམ་འགྱུར་ཡག་པོ་འཛིན་གྱི་ཡོད་མོད། འོན་ཀྱང་ཡོ་རོབ་ཀྱིས་མཉམ་ལས་བྱ་རྒྱུར་མོས་མཐུན་བྱེད་ཀྱི་མེད་ཅེས་བརྗོད་ཡོད། 
ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་ཚེས་3ཉིན་ཡུག་རེན་གྱིས་ཨ་རིར་ཐེ་རོན་ཕུའུ་ཡི་འཐུས་མིའི་བར་གྱི་རེས་སྐོར་གསར་པའི་གྲོས་མོལ་ལ་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་པ་དང་། མ་འོངས་པའི་ཉིན་ཤས་ནང་འབྲེལ་ཡོད་བཀོད་སྒྲིག་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། 
ཉིན་དེར་ཡུག་རེན་གྱི་ཕྱི་འབྲེལ་པུའུ་ཀྲང་སེ་པི་ཅ་ཡིས། ཉིན་དེར་འཚོགས་པའི་བྱང་ཆིངས་སྒྲིག་འཛུགས་དང་ཡུག་རེན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་རྒྱལ་ཁབ་ལྔས་"ཡུག་རེན་གྱི་སྔོན་ཐོབ་དགོས་མཁོའི་གསལ་ཐོ་"ཞེས་པའི་རོགས་སྐྱོར་ལམ་སྲོལ་ལ་གྲོས་འཆམ་བྱུང་བ་དང་། ཡུག་རེན་དམག་དཔུང་གིས་མཚོན་ཆ་ཉོ་སྒྲུབ་བྱེད་པར་ཨ་སྒོར་དུང་ཕྱུར་10ཙམ་གྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

འཛམ་གླིང་སྐར་ཁུངས།

▶ལུའུ་ཧྥུ་ཕོ་བྲང་གི་ཅ་དངོས་རྐུ་མཁན་ཉེས་བསཌ་དོཌ་ཡོད་པ་2བཟུང་འདུག

ཟླ་10ཚེས་19ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡས་མས་སུ། ལུའུ་ཧྥུ་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་ལ་རྐུ་ཤོར་བའི་དོན་རྐྱེན་ཐོན་པ་དང་། ངོ་གདོང་བཀབ་པའི་མི་ཁ་ཤས་ཀྱིས་སྐར་མ་ཁ་ཤས་ནང་ནཱ་ཕོ་ལུན་དུས་སྐབས་ཀྱི་མགུལ་རྒྱན་དང་།

中央广播电视总台 央广网 版权所有

ཨུ་རུ་སུ་དང་ཡུག་རེན་ཕྱོགས་སོ་སོས་སྤེལ་བའི་གནས་ཚུལ་གསར་པ།

ཨུ་རུ་སུའི་ཕྱོགས་ཀྱིས་ཨུ་རུ་སུ་དང་ཨ་རིས་ཡུག་རེན་བྱང་ཆིངས་ནང་ཞུགས་པའི་གནད་དོན་ལ་གྲོས་བསྡུར་བྱས་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་བྱང་ཆིངས་དང་ཡུག་རེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱིས་ཨ་སྒོར་དུང་ཕྱུར་10ལྷག་ཟིན་པའི་དམག་དོན་རོགས་སྐྱོར་གསར་པ་བྱ་རྒྱུར་ཁས་ལེན་བྱས་ཡོད་ཅེས་བརྗོད་པ།